བོད་དོན་དྲིལ་བསྒྲགས་ཆེད་བསྐོར་བསྐྱོད་ལས་འགུལ།

བོད་དོན་དྲིལ་བསྒྲགས་ཆེད་རྒྱ་གར་ནང་བསྐོར་བསྐྱོད་གནང་མཁན་བོད་མི་ཤེས་རབ་ཚེ་རྡོར་ལགས་གྲོང་ཁྱེར་ཀོལ་ཀ་ཊ་ནང་འབྱོར་འདུག

2012.05.23

༄༅༎ད་ལོ་ཕྱི་ཟླ་གསུམ་པའི་ཚེས་༡༠ནས་འགོ་བཙུགས་ཏེ་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལ་བསྒྲགས་དང་འབྲེལ་བོད་ནང་གི་ད་ལྟའི་གནས་སྟངས་དངོས་འཛམ་གླིང་ཡུལ་གྲུའི་དཔོན་རིགས་དང་མི་མང་གིས་ཤེས་རྟོགས་ཐུབ་རྒྱུའི་དམིགས་ཡུལ་ཆེད་བོད་མི་ཤེས་རབ་ཚེ་རྡོར་ལགས་ཀྱིས་མིག་གཉིས་བཀབ་ནས་རྒྱ་གར་ནང་བསྐོར་བསྐྱོད་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་ཚུགས་ཡོད་པ་དང་གཟའ་འཁོར་སྔོན་མའི་གཟའ་ཉི་མའི་ཉིན་ཁོང་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊ་ནང་འབྱོར་ཡོད་ཅིང་ ཁོང་གིས་ད་ལོ་ཕྱི་ཟླ་ཞི་པའི་ཚེས་༢ཉིན་བོད་མི་དོན་གྲུབ་ཕུན་ཚོགས་ལགས་ཀྱིས་གྲོང་ཁྱེར་དེའི་ཟམ་པ་ཞིག་གི་སྟེང་ནས་ཆུར་མཆོངས་ཏེ་ རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་རྐྱེན་འདས་སུ་ཕེབས་པའི་ཆེད་མཆོད་འབུལ་གནང་ཡོད་འདུག ཁོང་གིས་མིག་གཉིས་བཀབ་དགོས་དོན་ནི་ འཛམ་གླིང་མི་མང་དང་ལྷག་པར་དུ་རྒྱ་གར་གྱི་དཔོན་རིགས་དང་མི་མང་ཚོར་བོད་ནང་གི་བོད་མི་ཚོར་མིག་མེད་པ་ལྟ་བུ་རྒྱ་ནག་གཞུང་གིས་བཟོ་བཞིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཐབས་ཡིན་ཞིང་ ཤེས་རབ་ཚེ་རྡོར་ལགས་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་དང་ ས་གནས་མང་པོ་ཞིག་བརྒྱུད་ནས་ལམ་བར་བོད་དོན་དྲིལ་བསྒྲགས་དང་འབྲེལ་ རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་དྲག་པོའི་སྲིད་བྱུས་་འཚམས་འཇོག་བྱས་ནས་བོད་མིའི་རང་དབང་ལ་སྲུང་བརྩི་ཞུ་དགོས་པ་མ་ཟད་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་པ་དང་རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་ལྟ་ཞིབ་ཏུ་གཏོང་དགོས་པ་སོགས་ཀྱི་འབོད་སྐུལ་ཡི་གེ་ཞིག་བསྣམས་ཡོད་པ་དེའི་ཐོག་མི་གྲངས་ཁྲི་གཉིས་ལྷག་ཙམ་གྱིས་རྒྱབ་སྐྱོར་གྱི་ས་རྟགས་བཀོད་་ཡོད་པ་དང་  ཤེས་རབ་ཚེ་རྡོར་ལགས་ཀྱིས་བོད་དོན་བསྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་ མཐར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་གྱི་ཡོད་པ་དང་ མཇུག་སྒྲིལ་ཉིན་ ཁོང་གིས་འབོད་སྐུལ་ཡི་གེ་དེ་བཞིན་ལྡི་ལིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལ་འབུལ་རྒྱུའི་འཆར་གཞི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎