སྤྱི་ཟུར་ཆོས་གྲགས་རྒྱ་མཚོ་ལཌ་དགོངས་པ་རྫོགས་པའི་གནས་ཚུལ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཆོས་གྲགས་རྒྱ་མཚོ་ལགས་དགོངས་པ་རྫོགས་པར་བཙན་བྱོལ་བོད་གཞུང་ནས་མྱ་ངན་ཞུས་གནང་འདུག

2009.10.17

༄༅༎བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཆོས་གྲགས་རྒྱ་མཚོ་ལགས་དགོངས་པ་རྫོགས་པར་བཙན་བྱོལ་བོད་གཞུང་ནས་མྱ་ངན་ཞུས་གནང་འདུག

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་སྤྱི་འཐུས་ཚོགས་གཙོ་ཟུར་པ་ནུབ་པ་ཆོས་གྲགས་རྒྱ་མཚོ་ལགས་ཡུན་རིང་བསྙུན་ནར་འོག་དྲག་སྐྱེད་མ་བྱུང་བར་འདི་ཚེས་བཅུ་གསུམ་ཉིན་གངས་ཏོག་ཁུལ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པར་བརྟེན་དེ་རིང་ཉིན་རྒྱབ་ནས་བཟུང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་མྱ་ངན་གུས་བཏུད་ཀྱི་ཚུལ་དུ་སྒོ་རྒྱབ་ཡོད་པ་རེད། དེ་བཞིན་ཉིན་རྒྱབ་ནས་གཞུང་ཞབས་ལས་བྱེད་རྣམས་དམ་པ་དེའི་སྨོན་འདུན་ཆེད་སྨོན་ལམ་གསོལ་འདེབས་ཞུས་པ་དང་ཆོས་རིག་བཀའ་བློན་མཆོག་གི་མཚན་ཐོག་ནས་ཐུགས་གསོའི་འཚམས་འཕྲིན་གནང་བའི་ནང་དམ་པ་དེས་བོད་མིའི་བདེན་དོན་སེལ་ཐབས་སུ་ལོ་མང་རིང་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་བར་བསྔགས་བརྗོད་དང་སྦྲགས་ཁོང་དགོངས་པ་རྫོགས་པར་ཐུགས་གསོས་ཞུས་གནང་ཡོད་པ་རེད།

ཆོས་གྲགས་རྒྱ་མཚོ་ལགས་དམ་པ་དེ་ནི་ཐོག་མར་མ་སུ་རི་བོད་གཞུང་སློབ་གྲྭར་གཞི་རིམ་སློབ་གྲྭ་འགྲིམས་པ་དང་དེ་ནས་རིམ་པས་ལྦ་ན་ཆེ་མཐོའི་གཙུག་ལག་སློབ་གཉེར་ཁང་དེ་ནས་ལྡི་ལི་མཐོ་རིམ་སློབ་གྲྭ་བཅས་ནས་ཆོས་དང་རིག་གཞུང་དེ་བཞིན་དེང་རབས་ཀྱི་སློབ་སྦྱོང་གནང་ཡོད་པ་དང་རིམ་པས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་དང་ཧིན་བོད་མཛའ་འབྲེལ་ཚོགས་པ་བོད་མི་མང་སྤྱི་འཐུས་དང་ཚོགས་གཙོ་བཅས་ཀྱི་ལས་འཁུར་བཞེས་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་༡༩༩༢ལོར་ཨ་མི་རི་ཀའི་ནང་ཆོས་ཚོགས་ཤིག་ནང་ཕེབས་ནས་ནང་ཆོས་སློབ་འཁྲིད་གནང་ཡོད་པ་བཅས་འདས་པའི་ལོ་ངོ་མང་པོའི་རིང་བཙན་བྱོལ་ནང་བོད་པའི་འཐབ་རྩོད་ལ་མཛད་རྗེས་བཞག་གནང་མཁན་ཞིག་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎