བོད་ནང་ཉི་མའི་ནུས་ཤུགས་ཀྱི་གློག་ཁང་གསར་རྒྱག་འགོ་བཙུཌ།

རྒྱ་ནག་གཞུང་གིས་བོད་ཀྱི་ཟང་རི་ས་གནས་ནང་ཉི་མའི་ནུས་ཤུགས་ཀྱི་གློག་ཁང་གློག་ཤུགས་མེ་ཀ་ལྦ་ཌེ་༡༠ཡོད་པའི་གློག་ཁང་གསར་རྒྱག།

2011.03.23

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་ཟང་རི་ས་གནས་ནང་ཉི་འི་ནུས་ཤུགས་ཀྱི་གློག་ཁང་གློག་ཤུགས་མེ་ཀ་ལྦ་ཌེ་༡༠ཡོད་པའི་གློག་ཁང་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་དང་ ལས་གཞི་དེ་བཞིན་སྤྱི་ལོ་༢༠༡༡སྤྱི་ཟླ་པའི་ནང་མཇུག་སྒྲིལ་ཟིན་ཡོད་ལུགས་རྒྱ་ནག་མི་མང་ཉིན་རེའི་ཚགས་ཤོག་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

ད་རེས་རྒྱ་ནག་གཞུང་གིས་བོད་ཀྱི་ཟང་རི་ས་གནས་ནང་ཉི་མའི་ནུས་པའི་གློག་ཁང་གསར་རྒྱག་བྱེད་ཡས་དེ་བཞིན་ ཟླ་བ་སྔོན་མ་གཞིས་ཁ་ཙེ་ས་གནས་ནང་ གློག་ཤུགས་megawattབཅུ་ཡོད་པའི་ཉི་མའི་ནུས་པའི་གློག་ཁང་གསར་རྒྱག་བྱས་པའི་རྗེས་བོད་ནང་ཉི་མའི་ནུས་པའི་གློག་ཁང་གསར་རྒྱག་བྱེད་པ་ཨང་གཉིས་པ་དེ་ཡིན་པ་དང་། རྒྱ་ནག་གི་ཉི་མའི་ནུས་པ་བྱེད་སྤྱོད་ཐོག་གི་ཆེད་ལས་མཁས་པ་ཚོས་ཟང་རི་ས་གནས་ནང་གསར་རྒྱག་བྱེད་བཞིན་པའི་ཉི་མའི་ནུས་པའི་གློག་ཁང་གི་ལས་གཞི་དེ་ལེགས་སྒྲུབ་ཟིན་རྗེས་ བོད་དབུས་ཀྱི་གློག་ཁང་དང་གློག་སྐུད་ཐུད་ནས་དེས་ལོ་གཅིག་ནང་གློག་ཆུ་ཚོད་ས་ཡ་ཉི་ཤུ་ཙམ་གཏོང་ཐུབ་རྒྱུ་ཡིན་ལུགས་བརྗོད་དེ་ དེས་བོད་ཀྱི་གྲོང་གསེབ་ཁུལ་དུ་གློག་མི་འདེངས་བའི་དཀའ་ངལ་ཆེན་པོ་ཞིག་སེལ་ཐུབ་རྒྱུ་ཡིན་ལུགས་བརྗོད་འདུག བོད་ནི་འཛམ་གླིང་ནང་ནས་ཉི་མའི་ནུས་པ་ཤུགས་ཆེ་ཤོས་ཀྱི་ས་ཁུལ་ཨང་གཉིས་པ་དེ་ཡིན་པ་དང་ ལོ་གཅིག་ནང་དུས་ཚོད་ཆ་སྙོམས་ཚོུད་གསུམ་སྟོང་ཙམ་ཉི་མ་ཤར་གྱི་ཡོད་པར་བརྟེན་ཉི་མའི་ནུས་པའི་གློག་ཁང་འཛུགས་རྒྱུའི་ཆ་རྐྱེན་བཟང་ཤོས་ཀྱི་གྲས་ཤིག་ཡིན་པའི་གནས་ཚུལ་འཁོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎