བདག་མེད་དུད་འགྲོའི་ཆེད་ཕྱུགས་རྭ་རྒྱག་རྒྱུ།


2018.05.01
བདག་མེད་དུད་འགྲོའི་ཆེད་ཕྱུགས་རྭ་རྒྱག་རྒྱུ། རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་ཨ་ནུཤ་ཀ་ཤར་མ།
ཨེ་ཨེཕ་པི།

དེ་ཡང་རྒྱ་གར་གྱི་སྙན་གྲགས་ཆེ་བའི་གློག་བརྙན་འཁྲབ་མཁན་ཨ་ནུཤ་ཀ་ཤར་མ་ ༼Anushka Sharma༽ མཆོག་ད་རིང་ཕྱི་ཟླ་༥ཚེས་༡ཉིན་དགུང་གྲངས་༣༠    ཕེབས་པའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བ་དང་ཆབས་ཅིག་ཁོང་རང་ཉིད་ཀྱི་སྐྱེས་སྐར་ཉིན་བདག་མེད་དུད་འགྲོའི་ཆེད་མུམ་བྷ་ཡེ་ནང་ཕྱུགས་རྭ་རྒྱག་རྒྱུའི་ཐག་ཆོད་གནང་བ་ཡིན་ཞེས་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་གསུངས་ཡོད་པ་ལྟར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་བཏོན་ཡོད་པ་རེད། སྤྱིར་བཏང་ཁོང་རང་དུད་འགྲོར་དགའ་མོས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་ནའང་འདི་ལྟ་བུའི་བདག་མེད་དུད་འགྲོའི་ཆེད་ཕྱུགས་རྭ་རྒྱག་རྒྱུའི་སེམས་འགུལ་ཐེབས་སྟངས་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གནང་བ་ཞིག་ནས་བློ་སྐྱེས་བྱུང་ཞེས་བཀོད་འདུག དེ་ཡང་ཁོང་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མི་སྐད་ཆ་ཤོད་ཐུབ་མཁན་ཚོར་རང་གི་མི་ཚེ་གཅེས་པོ་དང་གལ་ཆེན་པོ་ཡིན་པ་ལྟར་སྐད་ཆ་ཤོད་མི་ཐུབ་མཁན་གྱི་དུད་འགྲོ་ཚོར་ཡང་བདེ་བ་འདོད་ཀྱི་ཡོད་རེད་ལ་ཁོང་ཚོར་ཡང་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ཡོད་རེད་ཅེས་གསུངས་པའི་བཀའ་མོལ་དེས་གུས་མོའི་སེམས་ནང་བག་ཆགས་ཤུགས་ཆེན་པོ་ཞིག་ཐེབས་ནས་དུད་འགྲོ་སེམས་ཅན་ཚོར་ངེས་པར་དུ་ཕན་ཐོགས་ཡོད་པའི་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག་བསམ་པའི་ཚོར་བ་ཤུགས་ཆེན་པོ་བྱུང་སོང་། དེ་འདྲ་ཡིན་དུས་ད་རིང་ངའི་སྐྱེས་སྐར་ཉིན་མོར་གཞན་ཕན་གྱི་ལས་དོན་ཕྲན་བུའི་ཞིག་སྤེལ་རྒྱུའི་འདུན་པའི་ཐོག་ནས་ལས་གཞི་འདི་འགོ་འཛུགས་ཀྱི་ཡོད་ལ་དེས་ང་ཚོ་འགྲོ་བ་མིའི་རིགས་དང་འདྲ་མཉམ་གྱི་ཐོག་ནས་དུད་འགྲོ་སེམས་ཅན་ཚོ་ཡང་འཚོ་གནས་ཐུབ་པ་ཡོང་རྒྱུའི་རེ་བ་ཡོད་ཅེས་བཀོད་ཡོད་པ་རེད་། དེ་དང་ཕྱོགས་མཚུངས་ཁོང་གི་གཞན་ཚོར་ཡང་དུད་འགྲོ་སེམས་ཅན་བདག་མེད་རང་གི་ཐོབ་ཐང་དང་དཀའ་ངལ་རྣམས་ཤོད་མི་ཐུབ་པའི་གནས་སྟངས་ལ་བསམ་ཤེས་བྱེད་པའི་ཐོག་ནས་གང་ཐུབ་ཀྱི་ཕན་ཐོགས་བྱེད་དགོས་ལུགས་འབོད་སྐུལ་ཡང་གནང་འདུག གོང་དུ་ཞུས་པའི་གློག་བརྙན་འཁྲབ་མཁན་ཨ་ནུཤ་ཀ་ ཤར་མ་ནི་དེང་སང་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་ཁོངས་ནས་སྐད་གྲགས་ཆེ་ཤོས་གྲས་ཞིག་ཡིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎