སྲིད་འཛིན་གསར་པར་འབོད་སྐུལ།
2013.03.14
༄༅། །དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌན་ནང་རྟེན་གཞི་བྱེད་པའི་བོད་རང་དབང་ཞེས་པའི་ཚོགས་པས་ཡོངས་ཁྱབ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གི་འགོ་ཁྲིད་གསར་པ་ཞི་ཅིན་ཕིང་ནས་བོད་ནང་ལོ་རྒྱུས་ཀྱི་སྒོ་མོ་གསར་པ་ཞིག་ཕྱེ་ནས་འགྲོ་བ་མིའི་ཐོབ་ཐང་དང་། ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་འགྲོ་ཐབས། བོད་མིའི་མངོན་འདོད་འགྲུབ་ཐབས། དེ་བས་གལ་ཆེ་བ་ཞིག་ལ་བོད་མི་ཚོས་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་རྐྱེན་ག་པར་ཐུག་ཡོད་མེད་ཞིབ་འཇུག་བྱེད་པའི་ཐོག་ནས་དཀའ་ངལ་སེལ་དགོས་པས་མ་ཟད། བོད་མིའི་སྐུ་ཚབ་ཚོའི་མཉམ་དོན་འབྲས་སོན་པའི་གྲོས་མོལ་བྱེད་དགོས། ཅེས་དང་། དེ་སྔའི་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་ཞིག་གཏོང་རྒྱུའི་དུས་ལ་བབ་ཡོད་པ་ཤེས་པའི་ཐོག་ནས་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་དགོས་ལུགས་འབོད་སྐུལ་ཞུས་ཡོད་པ་རེད། ཡང་དུས་ཚིགས་དེ་དང་བསྟུན། བོད་ཀྱི་བེུད་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།།