ཡེ་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་གིས་༧གོང་ས་མཆོག་མཇལ་འཆར།

ལྷོ་ཨ་ཕི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་གིས་བཞུགས་སྒར་དུ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་འདུག

2012.02.09

༄༅༎ཕྱི་ཚེས་༡༠ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན་ འདི་ཟླའི་ཚེས་ ༡༠ རེས་གཟའ་པ་སངས་ཉིན་ ལྷོ་ཨ་ཕི་རི་ཀའི་ཡེ་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མེན་ཊུ་ཊུ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་འདུག
གནས་ཚུལ་ནང་བཀོད་པར་ཕྱི་ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༡༠།༣༠ ནས་ ༡༡།༣༠ བར་ རྡ་ས་ས་གནས་བོད་རིགས་རྣམས་ཀྱིས་ཡེ་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་རྡ་སར་ཆེད་ཕེབས་གནང་བར་འཚམས་འདྲི་ཞུ་རྒྱུ་དང་ དེ་རྗེས་ཞི་བདེའི་དེད་དཔོན་རྣམ་གཉིས་དབུ་བཞུགས་ཐོག་  ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་བསྐྱངས་གནང་མཛད་རྒྱུ་ཡིན་པ་རེད་ ལྷོ་ཨ་ཕི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མེན་ཊུ་ཊུ་མཆོག་རྒྱ་གར་དུ་ཉིན་ལྔའི་འཚམས་གཟིགས་སུ་ཕེབས་ཡོད་པ་དང་ འཚམས་གཟིགས་འདིའི་སྐབས་ ཁོང་གིས་ རྒྱ་གར་ནང་ལོ་ན་མ་སོན་པའི་ཕྲུ་གུ་དང་ ལྷག་པར་བུད་མེད་ལོ་ན་མ་སོན་པ་མནའ་མར་གཏོང་རྒྱུའི་གནའ་བོའི་སྲོལ་རྒྱུན་གྱི་གོམས་གཤིས་ངན་པ་ཁག་ཅིག་དེང་སྐབས་སུའང་ལག་བསྟར་བྱེད་བཞིན་པ་དེ་དག་མཚམས་འཇོག་སླད་ མང་ཚོགས་ཁྲོད་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་ ལོ་ཆུང་བེུད་ཀྱི་ཐོབ་ཐང་དང་འབྲེལ་བའི་གོ་རྟོགས་ཀྱི་ལས་འགུལ་འདི་བཞིན་ ༢༠༠༧ལོར་ ལྷོ་ཨ་ཕི་རི་ཀའི་རང་དབང་དང་མི་རིགས་འདྲ་མཉམ་གྱི་འཐབ་རྩོད་པ་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སེན་མན་ཌེ་ལ་ཡིས་ཆེད་བཙུགས་པ་གནང་པའི་རྒན་རབས་ཚོགས་ཆུང་གིས་སྣེ་འཁྲིད་གནང་བཞིན་ཡོད་པ་དང་ རྒན་རབས་ཚོགས་ཆུང་དེ་ནི་རྒྱལ་སྤྱིའི་ཐོག་ཆེ་ཐོངས་དང་གུས་བརྩི་ལྡན་པའི་དབུ་ཁྲིད་ཁག་ཅིག་ལས་གྲུབ་པའི་རང་དབང་ལྡན་པའི་ཚོགས་ཆུང་ཞིག་ཡིན་ཞིང་ སྐུ་ཞབས་ཊུ་ཊུ་མཆོག་ད་རེས་རྒྱ་གར་ནང་ཚོགས་ཆུང་དེའི་མཚན་ཐོག་ནས་ཕེབས་ཡོད་པ་རེད་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎