ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོཌ།

ལྷོ་ཤར་ཨེ་ཤེ་ཡའི་ཁུལ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཆེད་གཞུང་འབྲེལ་གྱི་ལས་དོན་ལྷན་ཁང་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་རེད།

2009.10.23

༄༅༎ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་མཐུན་ཚོགས་ཀྱི་དབུ་འཁྲིད་ཚོས་ཁུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཆེད་གཞུང་འབྲེལ་གྱི་ལས་དོན་ལྷན་ཁང་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་རེད།

ཡིན་ཡང་སྒྲིག་འཛུགས་དེའི་ཁྱབ་ཁོངས་དབང་ཚད་དང་ལྷག་པར་དུ་མངའ་ཁུལ་ནང་དྲང་བདེན་གྱི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་འཐུས་ཚང་སྤེལ་ཐུབ་མིན་ཐད་བློ་དོགས་ཆེན་པོས་སྐྱོན་བརྗོད་བྱུང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་ཁབ་བཅུ་ལས་གྲུབ་པའི་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་དེ་ཁ་ས་ཐའེ་ལེན་ཌིའི་མཚོ་ཁའི་གྲོང་ཁྱེར་ཧུ་ཧིན་རུ་འགོ་བཙུགས་བྱས་ཡོད་པ་རེད། ཉིན་དང་པོའི་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཐའེ་ལེན་ཌིའི་སྲིད་བློན་ཨ་སྦི་སིཏ་ལྦེ་ཇ་ཇི་ལྦ་ཡིས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་མཐུན་ཚོགས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཁང་གསར་འཛུགས་གཏན་འབེབས་ཀྱི་གསལ་བསྒྲགས་གནང་ཡོད་པ་རེད། ཡིན་ཡང་ད་རེས་ཀྱི་ལྷན་ཚོགས་འདིའི་སྐབས་འབར་མ་དང་ཁེམ་སྦོ་ཌི་ཡ། ལའོ་སི། ཕི་ལི་པིན་སི། སིང་ག་པཱོར་བཅས་ཡུལ་ཁག་ནས་སྤྱི་དམངས་ཀྱི་རང་དབང་འཐབ་རྩོད་གནང་མཁན་མི་སྣ་དུ་མ་ཞིག་ཆེད་དུ་ཕེབས་ཏེ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་དེའི་དབང་ཚད་དང་ལས་དོན་གྲུབ་ཕྱོགས་སྐོར་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་དབུ་འཁྲིད་ལྷན་དུ་བཀའ་གྲོས་གནང་རྒྱུ་ཡིན་ཡང་དངོས་གཞི་ལྷན་ཚོགས་སྐབས་ཁོང་རྣམས་ཚོགས་ཁང་ནང་ཕེབས་ཞུགས་བྱ་རྒྱུ་བཀག་འགོག་བྱས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། ལྷག་པར་དུ་མངའ་ཁུལ་ནང་སྤྱི་དམངས་རང་དབང་རྩོད་ལེན་ཚོགས་པ་ཁག་གིས་ཨེ་ཤེ་ཡའི་ཡུལ་ཁག་མཐུན་ཚོགས་ཀྱིས་གསར་འཛུགས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་དེའི་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་གཏོང་རྒྱུའི་དམིགས་ཡུལ་བཟུང་པ་ལས་དངོས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་ཕྱོགས་སྐོར་ཁ་གསལ་གང་ཡང་མེད་པ་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་ཆེས་རྡལ་བཤིག་གཏོང་མཁན་མི་ཡན་མར་ལྟ་བུའི་རྒྱལ་ཁབ་ཐོག་སྒྲིག་འཛུགས་དེའི་ཁྱབ་ཁོངས་དབང་དེ་ཙམ་མེད་པར་བརྟེན་དངོས་སུ་གནོན་ཤུགས་ཀྱི་ནུས་པ་ཇི་ཙམ་ཐེབས་མིན་ཐད་བློ་དོགས་ཆེན་པོ་གསལ་སྟོན་གནང་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎