ཨེ་ཤེ་ཡའི་ཡུལ་ཁག་གི་ཁོར་ཡུག་སློན་ཆེན་གྱི་ལྷན་ཚོགས་སྐོར།
2008.10.09
༄༅༎ཨེ་ཤེ་ཡའི་ཡུལ་ཁག་གི་འཁོར་ཡུག་བློན་ཆེན་རྣམས་ནས་ལྦིཏི་ནམ་གྱི་རྒྱལ་ས་ཧ་ནོ་ཨི་དུ་འཁོར་ཡུག་གི་ལྷན་ཚོགས་ཤིག་གནང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
འཁོར་ཡུག་གི་ལྷན་ཚོགས་འདིའི་ཐོག་འབྲེལ་ཡོད་ཨེ་ཤེ་ཡའི་ཡུལ་ཁག་གི་བློན་ཆེན་རྣམ་པས་མངའ་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་ནང་བཟོ་ལས་ཀྱི་རྐྱེན་པའི་མཁའ་རླུང་སྦག་བཙོག་གི་གནོད་འཚེ་ཕོག་པའི་གཅིག་གྱུར་གྱི་རང་བཞིན་དང་དེ་བཞིན་སའི་གོ་ལའི་ཚ་དྲོད་རྒྱས་པའི་རྐྱེན་གྱིས་སྐྱེ་དངོས་སྣ་ཚོགས་རྩ་བརླག་འགྲོ་བའི་ཉེན་ཚབས་དང་ཡང་ས་འབྲེལ་གྱི་རྒྱལ་ཁབ་ཕན་ཚུན་ནང་ནགས་ཚལ་མེར་བསྲེག་དང་གཅོད་འབྲེལ་བྱས་པའི་རྐྱེན་གྱིས་མཁའ་རླུང་སྦག་བཙོག་ཆགས་པའི་གནད་དོན་དང་གཞན་རྒྱ་མཚོ་དང་གཙང་ཆུའི་ཐོན་ཁུངས་ལ་ཟུང་འབྲེལ་གྱི་བཏང་འཛིན་བྱ་ཕྱོགས་བཅས་ཀྱི་སྐོར་བཀའ་གྲོས་གནང་རྒྱུ་ཡིན་པ་རེད་ ཁ་ས་ཉིན་དང་པོའི་ཨེ་ཤེ་ཡའི་ཡུལ་ཁག་གི་འཁོར་ཡུག་ལྷན་ཚོགས་འདིའི་ཐོག་ཤར་ཨེ་ཤེ་ཡའི་ཁུལ་ནས་རྒྱ་ནག་དང་ཉི་ཧོང།ལྷོ་ཀོ་རི་ཡ་བཅས་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་ནས་སྦུརུ་ནའེ།ཀེམ་སྦོ་ཌི་ཡ།ཨིན་ཌོ་ནེ་ཤི་ཡ།ལ་ཨོ་སེ།མ་ལེ་ཤི་ཡ།འབར་མ།ཕི་ལི་པིན།སིང་ག་པོར།ཐའེ་ལེན་བཅས་ཚོགས་བཅར་ཞུས་འདུག་ལ་རྒྱ་གར་དང་ཨོ་སེ་ཀྲོ་ལི་ཡ།ནིའུ་ཛི་ལེན་བཅས་ད་རིང་ཚོགས་བཅར་ཞུ་རྒྱུ་ཡིན་པ་རེད་ ད་རེས་ཀྱི་ལྷན་ཚོགས་འདི་བཞིན་ཨེ་ཤེ་ཡའི་ཡུལ་ཁག་གི་འཁོར་ཡུག་བློན་ཆེན་གྱི་ལྷན་ཚོགས་ཐེངས་དང་པོ་དེ་ཡིན་འདུག་པ་དང་ལྷན་ཚོགས་འདིའི་བརྒྱུད་མངའ་ཁུལ་དེ་ཚོའི་གྲོང་ཁྱེར་ཆེ་ཁག་ནང་རྒྱུན་གནས་ཐུབ་པའི་འཁོར་ཡུག་སྲུང་སྐྱོབས་དང་ལྡན་པའི་ལས་དོན་སྤེལ་ཕྱོགས་སྐོར་བཟུང་འབྲེལ་གྱི་བསྒྲགས་གཏམ་སྤེལ་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག