ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཅིག་གིས་ག་ཛར་རོགས་སྐྱོར་གནང་རྒྱུ།

ཨི་སེ་རའེལ་གྱིས་ག་ཛ་བཙན་བཟུང་མཚམས་འཇོག་ལ་དམིགས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་སྐུ་ཚབ་ཁག་ཅིག་སི་རི་ཡར་འབྱོར་རྒྱུ་ཡིན་པའི་སྐོར།

2010.12.19

༄༅༎ཨི་སེ་རའེལ་གྱིས་ག་ཛ་བཙན་བཟུང་མཚམས་འཇོག་ལ་དམིགས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་སྲུང་འབྲེལ་གྱིས་གོ་སྒྲིག་ཞུས་པའི་རོགས་སྐྱོར་སྐྱེལ་འདྲེན་ཁག་ཅིག་པ་སི་རི་ཡའི་རྒྱལ་ས་རྡ་མ་ཀ་སེ་ནང་རེས་གཟའ་ཟླ་བའི་ཉིན་འབྱོར་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

རོགས་སྐྱོར་སྐྱེལ་འགྲེན་པའི་སྐུ་ཚབ་བེསེ་རེལ་ལྡིན་ཨལ་སརྑི་ཡིས་གསུངས་པར་གཞིགས་ན་ པི་ལིསེ་ཏིན་བཙན་བཟུང་མཚམས་འཇོག་དགོས་ཀྱི་རེད། ད་ཆ་ག་ཛ་ཡུལ་མི་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱི་བཟང་བཙོན་གྱི་རྭ་བ་ལྟ་བུར་གྱུར་ཡོད་ལུགས་སྐྱོན་བརྗོད་གནང་འདུག ཡང་ཁོང་གིས་རི་སི་ཡའི་རྒྱལ་ས་རྡ་མ་སེ་ཀ་སེ་ཡི་ཉེ་འགྲམ་དུ་པེ་ལིསེ་ཏིན་གྱི་སྐྱབས་བཅོལ་གཞིས་སྒར་ནང་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཟུང་འབྲེལ་གོ་སྒྲིག་ཞུས་པའི་ལས་འགུལ་འདིའི་ཐོག་ནས་པེ་ལིསེ་ཏིན་གྱི་མི་མང་ཚོའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་འཚོལ་རྒྱའི་ལྡིང་ཆ་ཞིག་བསྐྲུན་ཡོད་ལུགས་གསུངས་གནང་འདུག ལས་འགུལ་འདི་བཞིན་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་གསར་འཛུགས་ཀྱིས་ག་ཛའི་ཁུལ་ཟས་འབྲུ་དང་སྨན་ཊོན་བཅུ་ཐམ་པ་འོར་འདྲེན་གྱི་དམིགས་ཡུལ་བཅངས་ཡོད་པ་ལྟར་ཐེངས་འདིའི་རོགས་སྐྱོར་སྐྱེལ་འདྲེན་ལས་འགུལ་ནང་རྒྱ་གར་དང་ བྭེ་རའེན་ མ་ལ་ཤི་ཡ་ ཨིནྜོ་ནེ་ཤི་ཡ་ པ་ཀི་སི་ཐན་ ཉི་ཧོང་ ཨཛར་བྭའེཇན་ ཨི་རན་ ཊརྐི་ ཨཕ་གི་ནིསེ་ཐན་ སི་རི་ཡ་ ལེ་བེ་ནོན་ སྦང་ལ་རྡེཤེ་དང་བལ་ཡུལ་བཅས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎