ཨོ་ལོམ་པིཀ་རྩེད་འགྲན་དེར་གཞུང་འབྲེལ་ཐོག་ངོ་རྒོལ།

2021.11.25
ཨོ་ལོམ་པིཀ་རྩེད་འགྲན་དེར་གཞུང་འབྲེལ་ཐོག་ངོ་རྒོལ།
change.org

ཨོསི་ཀྲི་ལི་ཡའི་གཞུང་གིས་འཆར་ལོའི་པེ་ཅིང་གི་དགུན་དུས་ཨོ་ལོམ་པིཀ་རྩེད་འགྲན་དེར་གཞུང་འབྲེལ་ཐོག་ངོ་རྒོལ་གྱི་རྣམ་པའི་ཐོག་ཞུགས་མིན་གྱི་གནད་དོན་ཐད་དགོངས་པ་བཞེས་བཞིན་ཡོད་པའི་སྐོར་ཡུལ་དེའི་ Sydney Morning Herald ཞེས་པའི་གསར་ཤོག་གིས་གནས་ཚུལ་འདོན་སྤེལ་གནང་འདུག གོང་ཞུས་གསར་ཤོག་དེས་གནས་ཚུལ་འབྱུང་ཁུངས་མིང་འདོན་མ་གནང་བར་ཨོ་སི་ཀྲི་ལི་ཡའི་གཞུང་འཛིན་གནའ་འབྲེལ་ཚོགས་པ་ Liberal National Coalition ཞེས་པ་དང་ཕྱོགས་འགལ་ Labor ཚོགས་པ་གཉིས་ཀའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་པས་པེ་ཅིང་གི་ཨོ་ལོམ་པིཀ་རྩེད་འགྲན་དེར་གཞུང་འབྲེལ་ཐོག་མ་ཞུགས་རྒྱུའི་འབོད་བསྐུལ་གནང་གི་ཡོད་པའི་སྐོར་གནས་ཚུལ་བཀོད་སྤེལ་གནང་ཡོད་པ་རེད་ཡིན་ནའང་ཨོ་སི་ཀྲི་ལི་ཡའི་ལུས་སྩལ་བློན་ཆེན་སྐུ་ཞབས་ Richard Colbeck ཡིས་གསར་འགོད་པའི་མགྱོགས་འཕྲིན་ཐོག་ལན་འདེབས་གནང་བའི་ནང་ཨོ་སི་ཀྲི་ཡའི་རྒྱལ་ཁབ་ངོས་ནས་གཞུང་འབྲེལ་ཐོག་པེ་ཅིང་གི་ཨོ་ལོམ་པིཀ་རྩེད་འགྲན་དེར་ཞུགས་མིན་གྱི་གནད་དོན་ཐད་ད་ལྟ་ཐག་གཅོད་གང་ཡང་གནང་མེད་པའི་སྐོར་གསུང་ཡོད་པ་རེད་འདུག   རེས་གཟའ་འཕུར་བུ་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲོའོ་ལི་ཇན་ཡིས་རྒྱ་ནག་གཞུང་ངོས་ནས་ཨོ་ལོམ་པིཀ་རྩེད་འགྲན་དེ་སྲིད་དོན་གྱི་ལག་ཆར་བེད་སྤྱོད་བྱེད་རྒྱུར་ངོ་རྒོལ་མཐའ་ཅིག་ཏུ་ཡོད་པའི་སྐོར་དང་རྩེད་འགྲན་དེར་ངོ་རྒོལ་གྱི་ལས་འགུལ་ཁག་ལ་ལམ་ལྷོང་ཡོང་རྒྱུ་མིན་ལུགས་བརྗོད་ཡོད་པ་རེད།   བདུན་སྔོན་མ་དེར་ཨ་མི་རི་ཀའི་སྲིད་འཛིན་ Joe Biden མཆོག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིགས་ཀྱི་གནད་དོན་ཐོག་དགོངས་པ་བཞེས་ནས་ཨ་མི་རི་ཀའི་ཕྱི་འབྲེལ་གྱི་དཔོན་རིགས་རྣམས་པེ་ཅིང་གི་ཨོ་ལོམ་པིཀ་རྩེད་འགྲན་དེར་མ་ཞུགས་རྒྱུའི་དགོངས་པ་བཞེས་བཞིན་ཡོད་པའི་བཀའ་མོལ་གནང་ཡོད་པ་རེད་གལ་སྲིད་དེ་ལྟ་བུའི་སྲིད་བྱུས་གཅིག་ཕྱག་བལྟར་གནང་ཚེ་གཞུང་གི་དཔོན་རིགས་རྣམས་ནས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་རྩེད་འགྲན་དེར་ཕེབས་རྒྱུ་མིན་ནའང་རྒྱལ་ཁབ་སོ་སོའི་རྩེད་འགྲན་པ་རྣམས་རྩེད་འགྲན་དེའི་ནང་མཉམ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎