ཨོ་སོ་ཀྲོ་ལི་ཡའི་བློན་ཆེན་གྱིས་རྒྱ་གར་ལ་ཡིད་ཆེས་སྐྲུན་ཐབས།

ཨོ་སོ་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་ཨོ་སོ་ཀྲོ་ལི་ཡའི་ནང་རྒྱ་གར་སློབ་ཕྲུག་ཚོར་བདེ་འཇགས་ཀྱི་ཉེན་ཁ་མེད་པའི་ཡིད་ཆེས་སྐྲུན་ཐབས་གནང་གི་ཡོད་པ།

2009.07.19

༄༅༎བར་ལམ་ཨོ་སོ་ཀྲོ་ལི་ཡའི་ནང་སློབ་གཉེར་ཆེད་དུ་བསྐྱོད་པའི་རྒྱ་གར་སློབ་ཕྲུག་ཐོག་ཚབས་ཆེའི་ཉེས་རྡུང་བཏང་བ་དང་རང་ཡུལ་རྒྱ་གར་དུ་ཕྱིར་ལོག་བྱ་དགོས་ཞེས་འཇིགས་སྐུལ་བྱས་པའི་གནས་ཚུལ་ཐོན་པ་དེ་ནི་རྒྱ་གར་ཕྱོགས་ནས་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་བཤད་དེ་ད་ཆ་ཨོ་སོ་ཀྲོ་ལི་ཡའི་ནང་རྒྱ་གར་སློབ་ཕྲུག་སློབ་གཉེར་ཆེད་དུ་འགྲོ་མཁན་མེད་པའི་གནས་སྟངས་བྱུང་བར་བརྟེན་ནས་ཨོ་སོ་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་མི་རིགས་དབྱེ་འབྱེད་ཟེར་བ་བདེན་པ་མིན་པ་དང་ཨོ་སོ་ཀྲོ་ལི་ཡའི་ནང་རྒྱ་གར་སློབ་ཕྲུག་ཚོར་བདེ་འཇགས་ཀྱི་ཉེན་ཁ་མེད་པའི་ཡིད་ཆེས་སྐྲུན་ཐབས་གནང་གི་ཡོད་པ་རེད།

དེ་ཡང་བར་ལམ་དོན་རྐྱེན་དེའི་ཐོག་ནས་ཨོ་སོ་ཀྲོ་ལི་ཡའི་གཞུང་དང་ཉེན་རྟོག་པའི་མཐོ་རིམ་དཔོན་རིགས་རིམ་པས་རྒྱ་གར་དུ་འཚམས་འདྲིར་ཕེབས་ཏེ་ཡིད་ཆེས་སྐྲུན་ཐབས་གནང་བ་དང་རེས་གཟའ་ཉི་མའི་ཉིན་ཨོ་སོ་ཀྲོ་ལི་ཡའི་ཕྱི་མི་གཞིས་སྤོས་བློན་ཆེན་ཤི་སི་ཨེ་ལྦན་སི་ཡིས་ཨོ་སོ་ཀྲོ་ལི་ཡའི་སི་ཀའེ་ནིའུ་སི་ཞེས་པའི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གསུངས་དོན་ལ་ཁོང་གཟའ་འཁོར་འདིའི་ནང་རྒྱ་གར་དུ་འཚམས་འདྲིར་ཕེབས་ཏེ་རྒྱ་གར་གྱི་དཔོན་རིགས་དང་སློབ་ཕྲུག་གི་ཕ་མ་ཚོར་ཡིད་ཆེས་སྐྲུན་ཐབས་གནང་རྒྱུ་མ་ཟད་ཨོ་སོ་ཀྲོ་ལི་ཡའི་རྒྱལ་ཁབ་དེ་ནི་རིག་གཞུང་འདྲ་མིན་ཚང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་ང་ཚོས་མི་གཞན་ལ་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་འཛིན་གྱི་མེད་པའི་ཡིད་ཆེས་སྐྲུན་རྒྱུ་མཚོན་པའི་སྤྱི་ཚོགས་ཐོག་ད་ཆ་ཨོ་སོ་ཀྲོ་ལི་ཡའི་ནང་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་བསམ་ཚུལ་ངན་པ་ཞིག་ཏུ་གྱུར་ཡོད་པ་དེ་དག་སེལ་ཐབས་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎