ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོཌ་ཀྱི་སྐུ་ཚབ་བཞུགས་སྒར་དུ་འཚམས་འདྲི།

ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རིང་མིན་བཞུགས་སྒར་དུ་འཚམས་འདྲིར་ཕེབས་རྩིས་འདུག

2009.06.11

༄༅༎ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཟླ་བདུན་པའི་ཚེས་གཅིག་ནས་བཟུང་དུས་ཡུན་ཉིན་མ་དྲུག་རིང་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲི་གནང་རྒྱུ་རེད། ད་ཕན་ཨི་ཊ་ལི་དང་ཨ་རི་།ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་རྒྱལ་ཁབ་ཁག་ཅིག་གི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པ་བཞུགས་སྒར་དུ་འཚམས་འདྲིར་ཕེབས་མྱོང་ཡོད་པ་དང་ཨོ་སེ་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཕེབས་པ་ད་རེས་ཐོག་མ་དེ་ཡིན་ཞིང་ད་རེས་ཀྱི་སྐུ་ཚབས་ཚོགས་པ་དེའི་ནང་ལས་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མའེ་ཁེལ་ཌེན་སྦི་དང་མཱེ་ལི་ས་པཱཀ་དེ་བཞིན་བསྒྱུར་བཅོས་ཚོགས་པའི་པི་ཊར་སི་ལི་པར་ལྗང་ཁུ་ཚོགས་པའི་སི་ཁོཏ་ལཌི་ལཱམ་རང་བཙན་ཚོགས་པའི་སཱེ་ར་ཧེན་སེན་ཡཱང་དེ་བཞིན་ནིཀ་ཛེ་ནོ་ཕོན་སོགས་ཨོ་སེ་ཀྲེ་ལི་ཡའི་སྲིད་དོན་ཚོགས་པ་ཚང་མའི་སྐུ་ཚབ་ཡོད་པ་རེད།

ཁོང་ཚོ་རྡ་རམ་ས་ལར་འཚམས་འདྲི་གནང་བའི་རིང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་རྣམས་དང་མཇལ་འཕྲད་གནང་རྒྱུ་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁ་གནང་རྒྱུ་དང་ལྷག་པར་དུ་སྐུ་ཚབ་རྣམས་ད་ལོའི་རྒྱལ་བའི་འཁྲུངས་སྐར་གྱི་དགའ་བསྟོན་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།

འཚམས་འདྲིར་ཕེབས་མཁན་གྲོས་ཚོགས་འཐུས་མི་མའེ་ཁེལ་ཌེན་སྦི་མཆོག་གིས་ད་རེས་ཀྱི་གཟིགས་བསྐོར་འདི་བརྒྱུད་བོད་པ་ཚོའི་གནས་སྟངས་གསལ་པོ་རྟོག་ཐུབ་པ་དང་བོད་ཀྱི་དཀའ་གནས་སེལ་རྒྱུའི་ཐབས་ལམ་གསར་པར་ང་ཚོའི་ངོས་ནས་རྒྱབ་སྐྱོར་ག་རེ་ཞུ་དགོས་པ་ཤེས་རྟོག་ཐུབ་པ་སོགས་ལ་ཕན་ཐོགས་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་བཞག སྐུ་ཚབ་ཚོ་བཞུགས་སྒར་དུ་ཕེབས་ཞོར་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་དང་ཡང་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎