གངས་རུད་འོག་མི་དྲུག་རྐྱེན་འདས།

བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་ནང་ཁ་བ་བསྟུད་མར་བབས་པར་བརྟེན། རེས་གཟའ་ལྷག་པའི་ཉིན་གངས་རུད་ཐེབས་ནས་མི་དྲུག་རྐྱེན་འདས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་བཞག

2013.02.08

༄༅།    །དེ་ཡང་བོད་ཀྱི་སྤྱི་ཚོགས་ལས་དོན་ཚན་པས་གནས་ཚུལ་བཤད་པར་གཞིགས་ན། བོད་ཀྱི་མངའ་རིས་ཁུལ་དུ་ཁ་བ་བསྟུད་མར་བབས་པར་བརྟེན།    རེས་གཟའ་ལྷག་པའི་ཉིན་མངའ་རིས་ཀྱི་རྩ་མདའ་གྲོང་གསེབ་ཏུ་གངས་རུད་ཐེབས་ཏེ་མྱུར་སྐྱོབ་རོགས་རམ་ཡོང་བའི་ལན་འབྱོར་བའི་རྗེས་མྱུར་སྐྱོབ་རུ་ཁག་བསྐྱོད་པའི་ཁོངས་ནས་མི་དྲུག་འདས་གྲོངས་སུ་ཕྱིན་ཡོད་པ་རེད་འདུག མི་དྲུག་པོ་དེ་རྣམས་མྱུར་སྐྱོབ་རུ་ཁག་ནང་དུ་དང་བླངས་ཀྱིས་ཞུགས་ཏེ།    འབྲོག་པ་མི་གཉིས་གངས་རུད་ནས་མྱུར་སྐྱོབ་བྱེད་པའི་སྐབས་སྲོག་ཤོར་བ་ཞིག་ཡིན་ལུགས་དང༌། ད་དུང་མྱུར་སྐྱོབ་རུ་ཁག་གི་ཁོངས་ནས་མི་གཅིག་འཚོ་གནས་ཐུབ་ཡོད་ཀྱང་།    ད་ལྟ་སྐད་ཆ་ཤོད་མ་ཐུབ་པར་དྲན་མེད་དུ་ལུས་ཡོད་པའི་སྐོར་བཤད་ཡོད་པ་རེད། འོན་ཀྱང་གངས་རུད་ཐེབས་ཡུལ་ས་ཁུལ་དུ་བསྟུད་མར་ཁ་བ་འབབ་བཞིན་པའི་རྐྱེན་གྱིས་གྲོང་གསེབ་དེའི་ཁུལ་གྱི་ཁ་པར་སོགས་འབྲེལ་ལམ་ལ་དཀའ་ངལ་འཕྲད་དེ། མྱུར་སྐྱོབ་རུ་ཁག་འཕྲལ་དུ་ས་གནས་སུ་འབྱོར་མ་ཐུབ་པ་དང༌། དེའི་ཁུལ་གྱི་གནས་ཚུལ་གསར་པ་འབྱོར་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎