ལྷ་སར་འཁྲུངས་ལྷ་དབྱར་གསོལ་བཀག་འགོག

བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་ཞུ་བའི་བྱ་གཞག་ལ་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ།

2012.07.07

༄༅༎བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་ཞུ་བའི་བྱ་གཞག་ལ་བཀག་སྡོམ་བྱས་འདུག    ཕྱི་ཟླ་༧ཚེས་༦ཉིན་ནི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམིགས་བསལ་དམ་བསྒྲགས་བྱས་འདུག་ཀྱང་།  ལྷ་སའི་གྲོང་མི་ཚོས་བསང་གསོལ་བཏང་བ་དང་བར་སྐོར་ལ་བསྐོར་བ་བྱེད་པ།  དགོན་པར་ཆོས་མཇལ་ཞུ་བ་སོགས་རྣམ་དཀར་དགེ་བའི་བྱ་གཞག་གནང་མཁན་མང་དག་བྱུང་འདུག  ལྷག་པར་དུ་༧གོང་ས་སྐུ་ཕྲེང་ན་རིམ་གྱི་ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ཀར་མེ་ཏོག་ཕུལ་མཁན་ཧ་ཅང་མང་པོ་བྱུང་སྟེ་ཉིན་རྒྱབ་ཙམ་ལ་ལྷ་སའི་མེ་ཏོག་ཚོང་ཁང་ཁག་གི་མེ་ཏོག་ཚང་མ་བཙོང་ཚར་འདུག  དེ་མིན་ weibo དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་མང་པོ་ཡོད་ཅིང་།    ༧རྒྱལ་བའི་འཁྲུངས་སྐར་ཉིན་བོད་མི་མང་པོས་སྐུའི་འཁྲུངས་སྐར་དགའ་སྟོན་གྱི་འཚམས་འདྲི་མཚོན་པའི་འདྲ་པར་དང་སྙན་ངག  དེ་བཞིན་བསམ་ཚུལ་སོགས་དྲ་རྒྱའི་སྟེང་བཀོད་པ་རྣམས་དེ་མ་ཐག་ཏུ་གཞུང་གི་དྲ་རྒྱ་དོ་དམ་པ་ཚོས་༧གོང་ས་མཆོག་ལ་འཚམས་འདྲི་མཚོན་པའི་ཡིག་རིགས་མེད་པ་བཟོས་པ་མ་ཟད།    རྒྱ་མི་རིགས་དད་ལྡན་པ་ཁག་ཅིག་གིས་བཀོད་པའི་༧གོང་ས་མཆོག་ལ་འཚམས་འདྲིའི་ཡིག་རིགས་ཀྱང་མེད་པ་བཟོས་འདུག  འདས་པའི་ལོ་བདུན་བརྒྱད་སྔོན་ལྷ་སར་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་འཁྲུངས་ལྷ་དབྱར་གསོལ་ཞེས་ཡོངས་སུ་གྲགས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་ཀྱང་ཕྱིས་སུ་གཞུང་ཕྱོགས་ནས་བཀག་འགོག་བྱས་ཡོད་པ་རེད། ལྷག་པར་དུ་འདི་ལོ་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེན་པོ་བྱས་ཏེ་ལྷ་སའི་བུམ་པ་རི་སོགས་འཁྲུངས་ལྷ་དབྱར་གསོལ་ཞུ་ཡུལ་ས་གནས་ཁག་ཏུ་བཀག་འགོག་ནན་པོ་བྱས་འདུག།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎