སྦང་ལ་རྡེ་ཤིའི་ཚོགས་པར་མི་ཆོས་རིང་ལུགས་ཀྱི་བྱ་དགའ་ཐོབ་པ།
2008.10.17
༄༅༎འཛམ་གླིང་ནང་མི་ཆོས་རིང་ལུགས་ཀྱི་བྱ་དགའ་ཆེ་ཤོས་དེ་བཞིན་སྦང་ལ་རྡེ་ཤིའི་རོགས་རམ་ཚོགས་པ་ཞིག་ལ་ཐོབ་ཡོད་པ་རེད།
ཁོན་རེ་ཌི་ཧིལ་ཊེན་ཐེབས་རྩ་ཚོགས་པས་ལོ་ལྟར་འཛམ་གླིང་ནང་གི་རོགས་སྐྱོར་ཚོགས་པ་ཁག་ནང་ནས་འགྲོ་བ་མི་ཆོས་རིང་ལུགས་ཀྱི་ལས་དོན་ཐོག་བྱས་རྗེས་རླབས་ཆེ་བཞག་མཁན་ལ་བྱ་དགའ་གནང་སྲོལ་ཡོད་པ་བཞིན་ད་ལོའི་ཐེབས་རྩ་ཁང་དེའི་མི་ཆོས་རིང་ལུགས་ཀྱི་བྱ་དགའ་དེ་བཞིན་སྦང་ལ་རྡེ་ཤིའི་རོགས་སྐྱོར་ཚོགས་པ་སྦི་ཨར་ཨེ་སི་ཟེར་བར་གནང་ཡོད་ཅིང་གོང་ཞུས་སྦང་ལ་རྡེ་ཤིའི་རོགས་སྐྱོར་ཚོགས་པ་དེས་འདས་པའི་ནང་དབུལ་ཕོངས་མི་གྲངས་ས་ཡ་བརྒྱ་དང་བཅུ་ལྷག་ཙམ་ལ་གཞི་རྩའི་འཚོ་ཐབས་རོགས་རམ་བྱས་ཡོད་པ་དང་ཚོགས་པ་དེའི་འགན་འཛིན་ཕེ་ཛལ་ཧ་སན་ཨ་སྦེརྡ་ཡིས་གཟའ་པ་སངས་ཉིན་གསུངས་ན་རོགས་སྐྱོར་ཚོགས་པ་དེར་ཐོབ་པའི་བྱ་དགའ་ཨ་སྒོར་ས་ཡ་གཅིག་དང་ཚག་ལྔ་དེ་བཞིན་སུའུ་ཌའན་ཡུལ་གྲུའི་ལྷོ་ཕྱོགས་ས་ཁུལ་ནང་དབུལ་ཕོངས་ཉམས་ཐག་མི་སེར་ཚོར་རོགས་རམ་ལས་དོན་སྤེལ་རྒྱུའི་ཐོག་བེད་སྤྱོད་བྱ་རྒྱུ་ཡིན་པ་གསུངས་བཞག སྦི་ཨར་ཨེ་སི་ཟེར་བའི་རོགས་སྐྱོར་ཚོགས་པ་དེ་བཞིན་༡༩༧༢ལོར་སྦང་ལ་རྡེ་ཤིའི་ནང་གསར་བཙུགས་བྱས་པ་ཞིག་ཡིན་པ་དང་དེ་རྗེས་རིམ་པས་ཨཕ་ག་ནི་སི་ཐན་དང་ཤྲི་ལང་ཀ།པ་ཀིསི་ཐན།ཏན་ཛ་ནི་ཡ།ཡུ་གན་ཌ།སུའུ་ཌའན་སོགས་ནང་ལ་ཡང་ཚོགས་པ་དེའི་ཡན་ལག་བཙུགས་ཡོད་པ་རེད༎