སཔེན་ཡུལ་གྱི་སྦསཁ་ཁུལ་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུ།

སཔེན་གྱི་སྦསཁ་རང་སྐྱོང་ཁུལ་གྱི་དབུ་ཁྲིད་ཚོས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པ།

2012.02.29

༄༅༎སཔེན་ཡུལ་གྱི་སྦསཁ་རང་སྐྱོང་གྲོང་སྡེ་ལྷན་ཚོགས་ནས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་འདུག
 ཕྱི་ཚེས་༢༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༣ཉིན་སྦག་སེ་(Basque)རང་སྐྱོང་གྲོང་སྡེ་ལྷན་ཚོགས་ནས་བོད་དོན་རྒྱབ་སྐྱོང་གྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པའི་ནང་འཁོད་དོན་ལྟར་ན།  ཕྱི་ལོ་ཉིས་སྟོང་ནང་ཡོ་རོབ་གྲོས་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབར་ལོ་གསུམ་ནང་ཚུད་གྲོས་མོལ་མ་བྱས་ཚེ་ཡོ་རོབ་མཐུན་ཚོགས་ངོས་ནས་རྒྱ་གར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་ཏུ་ངོས་ལེན་བྱེད་དགོས་ཀྱི་ཡོད་པའི་གྲོས་ཆོད་གཏན་འབེབས་བྱུང་བ་ལྟར་   ད་ཆ་ཡུ་རོབ་མཐུན་ཚོགས་ངོས་ནས་གྲོས་ཆོད་དེའི་ཐོག་སླར་ཡང་ཐུགས་ཞིབ་ནན་ཏན་ཞིག་གནང་དགོས་ཀྱི་ཡོད། དེ་བཞིན་ཡོ་རོབ་མཐུན་ཚོགས་ནང་རྒྱ་ནག་གི་སྐུ་ཚབ་བསྐོ་བཞག་ཡོད་པ་བཞིན། བོད་མིའི་དམིགས་བསལ་སྐུ་ཚབ་ཅིག་ཀྱང་བསྐོ་བཞག་གནང་དགོས་ཀྱི་རེད་སོགས་འཁོད་ཡོད་འདུག   བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེ་བཞིན་གཏན་འབེབས་གནང་སྐབས་  སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་མ་གཏོགས་ཆབ་སྲིད་ཚོགས་པ་ཡོངས་ཀྱིས་རྒྱ་ནག་གཞུང་ནས་བོད་ཐོག་བཟུང་བའི་སྲིད་བྱུས་དེ་དང་ལེན་བྱེད་ཐུབས་ཐབས་མེད་པའི་འགྲེལ་བརྗོད་གནང་འདུག   དེ་བཞིན་སྦསཁ་མངའ་སྡེ་དང་སཔེན་གཞུང་གཉིས་ནས་ཕྱི་ལོ་ཉིས་སྟོང་ལོར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎