ཚོགས་ཆེན་རིང་བདེ་འཇགས་སྲུང་སྐྱོབ་འཐུས་སྒོ་ཚང་དགོས་པ།

རྒྱ་ནག་གི་ཚོཊ་ཆེན་བཅོ་བརྒྱད་པ་བདེ་འཇགས་དང་། རྒྱལ་ཁའི་ངང་ཚོཊ་ཐུབ་རྒྱུར་གཙོ་བོ་བདེ་འཇཊ་སྲུང་སྐྱོབ་འཐུས་སྒོ་ཚང་དགོས་པ་འབྲེལ་ཡོད་ཁག་ལ་བློན་ཆེན་ཀྲོའུ་ཡུང་ཁང་གིས་གཏམ་བཤད་སྤེལ་འདུག

2012.11.06

གནམ་བདེ་སྒོ་མོའི་མདུན་ཐང་། AFP
གནམ་བདེ་སྒོ་མོའི་མདུན་ཐང་། AFP

དེ་ཡང་གནས་ཚུལ་ལྟར། རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་རིང་རྒྱ་ནག་ནང་དང་། གཙོ་བོ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བརྟན་ལྷིང་བྱུང་ནས་ཚོགས་ཆེན་རྒྱལ་ཁའི་ངང་ཚོགས་ཐུབ་རྒྱུར་། པེ་ཅིན་ཉེ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་སྤེལ་མཁན་གྱི་ཉེན རྟོག་པ་དང་། ཉེན་རྟོག་དམག་མི། དེ་བཞིན་དང་བླངས་ཞབས་ཞུ་བ་མང་པོ་ཞིག་འདུ་རུབ་བྱས་ཡོད་པ་རྣམས་ལ་ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་སྲིད་ཁྲིམས་ལས་ཁང་གི་བློན་ཆེན་ཀྲའུ་ཡུང་ཁང་གིས་ལྟ་ཞིབ་བྱས་པ་དང་འབྲེལ་ཚོགས་ཆེན་བཅོ་བརྒྱད་རིང་གཙོ་བོ་གྲོང་ཁྱེར་གྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་འཐུས་སྒོ་ཚང་དགོས་པའི་གཏམ་བཤད་སྤེལ་ཡོད་པ་རེད།

ཁོང་གིས་ཧའ་བད་ཞིང་ཆེན་ཤང་ཧའ་རྫོང་དང་། དེ་བཞིན་པེ་ཅིན་གྱི་ཉེ་འདབས་དུང་ཀྲའུ་ས་གནས་གཉིས་ནང་སྒུག་འདོད་བྱེད་བཞིན་པའི་ཚོགས་ཆེན་བཅོ་བརྒྱད་རིང་པེ་ཅིན་གྲོང་ཁྱེར་ཉེ་འཁོར་གྱི་ས་ཁུལ་ཁག་ནང་བདེ་འཇགས་སྲུང་སྐྱོབ་ལས་དོན་སྤེལ་མཁན་གྱི་ཉེན རྟོག་པ་དང་། དྲག་ཆས་ཉེན་རྟོག་དམག་མི་ཚོ་དང་ཐུག་ཕྲད་བྱས་ནས་ཁོང་ཚོར་ཚོགས་ཆེན་བཅོ་བརྒྱད་རིང་པེ་ཅིན་གྲོང་ཁྱེར་སྲུང་སྐྱོབ་ཀྱི་ལས་དོན་འཐུས་སྒོ་ཚང་པོ་སྤེལ་ནས་ཚོགས་ཆེན་རིང་རྙོག་དྲའི་རིགས་མི་ཡོང་བ་བྱ་དགོས་པ་བཤད་ཡོད་པ་རེད།

རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་དེ་བཞིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་༨ཉིན་དངོས་སུ་ཚོགས་ཀྱི་ཡོད་པ་དང་།  ཚོགས་ཆེན་མ་ཚུགས་ཀྱི་སྔོན་ནས་པེ་ཅིན་གྲོང་ཁྱེར་ནང་ཉེན་རྟོག་པ་དང་། དྲག་ཆས་ཉེན རྟོག་པ། དེ་བཞིན་དང་བླངས་ཞབས་ཞུ་པ་མང་པོ་ཞིག་བཀོད་བསྒྲིགས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་ཚུགས་པའི་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་གཙོས་པའི་ས་ཁུལ་ཁག་ནང་རྙོག་དྲའི་རིགས་མི་ལྷག་པའི་དོགས་ཟོན་དམ་དྲག་བྱེད་བཞིན་པ་དང་། ད་དུང་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དང་དེའི་ཉེ་ཁུལ་ས་གནས་ཙམ་མ་ཟད། བོད་ཀྱི་ས་ཁུལ་ཁག་ནང་ལ་ཡང་དམ་བསྒྲཌ་བྱེད་ཤུགས་ཆེ་རུ་བཏང་ནས་མི་སེར་ཕར་ཚུར་འགྲོ་བསྐྱོད་བྱེད་མཁན་ཚོར་དམ་དྲག་དཀའ་ངལ་བཟོ་བཞིན་ཡོད་པའི་ཁར་གང་འདོད་འགྲོ་བསྐྱོད་བྱེད་མི་ཆོག་པ་དང་། ཐ་ན་སྨན་བཅོས་བྱེད་པར་འགྲོ་མཁན་ཚོར་ཡང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ལག་འཁྱེར་མཉམ་དུ་མེད་ཚེ་ བཀག་སྡོམ་བྱས་ནས་གཏོང་གི་མེད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎