པེ་ཅིན་ལ་དྲག་ཆར་བབས་ནས་མི་༣༧གྲོངས་འདུག
2012.07.23
དེ་ལྟར་རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་ཁག་གི་ཐོག གཞུང་ཕྱོགས་ནས་དྲག་ཆར་གྱི་གནོད་ཚེ་ཕོག་མི་ཚོར་རོགས་རམ་བྱེད་ཡས་སོགས་ཀྱི་བཟང་ཕྱོགས་ཀྱི་གནས་ཚུལ་མང་པོ་ཞིག་བཏོན་བཞིན་ཡོད་ན་ཡང་། པེ་ཅིན་མང་ཚོགས་ཚོས་རྒྱ་ནག་གཞུང་གིས་དྲག་ཆར་གྱི་གནོད་ཚེ་བྱུང་བའི་བརྒྱུད་རིམ་ནང་མང་ཚོགས་ལ་རོགས་རམ་ཕན་ཐོག་པའི་ནུས་པ་གང་ཡང་བཏོན་ཐུབ་མེད་པར་བསྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་རྒྱ་ནག་གི་དབོའོ་བོའོ་ཞེས་པའི་དྲ་རྒྱ་གཅིག་པུའི་ཐོག་གཟའ་ཟླ་བའི་ཉིན་མི་ས་ཡ་དགུ་ཙམ་གྱི་བསམ་ཚུལ་བརྗོད་ཡོད་པ་དང་། དེ་ཚོའི་ནང་མང་ཆེ་བས་རྒྱ་ནག་གཞུང་གིས་གྲོང་ཁྱེར་གྱི་འཛུགས་སྐྲུན་ལས་གཞི་སྤེལ་བའི་སྐབས་ཆུ་ལོག་སོགས་ཉེན་སྐྱོབས་ཀྱི་ཆུ་འགྲོའི་ལས་གཞི་ཡག་པོ་སྤེལ་མེད་པ་མ་ཟད་། ཆར་དྲག་བབས་རྒྱུའི་ཉེན་རྡ་བཏང་ནས་མང་ཚོགས་ཚོར་ཕྱིར་བསྐྱོད་རྒྱུ་མེད་པའི་དགོས་ངེས་ཀྱི་ཉེན་བརྡ་གསལ་པོ་བཏང་ཚེ་། མི་སུམ་ཅུ་སོ་གྲངས་ཀྱི་ཚེ་སྲོག་ཤོར་མི་སྲིད་པ་དང་ མི་དེ་དག་ནང་ནས་ཉི་ཤུ་ལྷག་ཙམ་ཆུས་འཁྱེར་ནས་རྐྱེན་འདས་སུ་ཕྱིན་ལུགས་སོགས་ཀྱི་གཞུང་གི་སྔོན་བརྡ་མ་བཏང་དང་། འཛུགས་སྐྲུན་ལས་གཞི་འཐུས་སྒོ་ཚང་བ་སྤེལ་མེད་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་འདུག
གནས་ཚུལ་ལྟར་ན། པེ་ཅིན་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཐད་གྱོང་གུན་སྒོར་དུང་ཕྱུར་༤དང་བྱེ་བ་༥ཕོགས་ཡོད་པ་དང་། གྲོང་ཁྱེར་ཡོངས་སུ་མི་གྲོང་༥༦༩༠༠ཉེན་གཡོལ་བྱས་པ། དེ་དག་ཁྲོད་གནོད་འཚེ་ཕོགས་ཚབས་ཆེ་ཤོས་ཡིན་པའི་ཧྥང་ཧྲན་ཁུལ་གྱིས་གནས་སྤོས་བྱས་པའི་མི་གྲངས་༢༠༩༩༠ཟིན་ཡོད་པ་རེད།