སོག་ཡུལ་དུ་ཐང་ཀའི་འགྲེམས་སྟོན་གནང་བའི་དམིགས་ཡུལ་གཙོ་བོ་ནི་བོད་དང་སོག་པོའི་དབར་གྱི་རི་མོའི་སྒྱུ་རྩལ་ཐད་སྟོང་ཆ་བསྐང་རྒྱུའི་ཆེད་ཡིན་ཞེས། ཐང་ཀའི་སྒྱུ་རྩལ་བ་བུ་ཆུང་ནུབ་རྒྱ་ལགས་ཀྱིས་གསུངས་བྱུང་།

2024.08.23
སོག་ཡུལ་དུ་ཐང་ཀའི་འགྲེམས་སྟོན་གནང་བའི་དམིགས་ཡུལ་གཙོ་བོ་ནི་བོད་དང་སོག་པོའི་དབར་གྱི་རི་མོའི་སྒྱུ་རྩལ་ཐད་སྟོང་ཆ་བསྐང་རྒྱུའི་ཆེད་ཡིན་ཞེས། ཐང་ཀའི་སྒྱུ་རྩལ་བ་བུ་ཆུང་ནུབ་རྒྱ་ལགས་ཀྱིས་གསུངས་བྱུང་། སོག་ཡུལ་དུ་ཐང་ཀའི་འགྲེམས་སྟོན་སྐབས། ༢༠༢༤།༠༨།༡༣ ཉིན།
Bhuchung Nubgya

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ ཚེས་ ༡༢ ནས་ ༢༢ བར་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དྷར་ནང་ཡོད་པའི་སོག་པོའི་གཞུང་དགོན་དགའ་ལྡན་ཐེག་ཆེན་གླིང་དུ། བོད་ཀྱི་སྨན་ཐང་ལུགས་ཀྱི་ཐང་ཀའི་སྒྱུ་རྩལ་བ་བུ་ཆུང་ནུབ་རྒྱ་ལགས་ནས་ཐང་ཀའི་འགྲེམས་སྟོན་གནང་ཡོད་པ་ལྟར། ཐེངས་འདིར་བུ་ཆུང་ནུབ་རྒྱ་ལགས་ནས་སོག་ཡུལ་དུ་བོད་ཀྱི་ཐང་ཀའི་འགྲེམས་སྟོན་གནང་ཐུབ་པའི་བརྒྱུད་རིམ་ནི། ཕྱི་ལོ་ ༢༠༢༣ ལོར་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་ཨ་མི་རི་ཀའི་མངའ་སྡེ་ནིའུ་ཡོག་ཏུ་ཆིབས་བསྒྱུར་སྐབས། བུ་ཆུང་ནུབ་རྒྱ་ལགས་ནས་ཕྱི་ལོ་ ༢༠༢༤ ལོར་བྱ་དོ་རིན་པོ་ཆེ་མཆོག་ནས་སོག་ཡུལ་དུ་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་པ་དང་སྟབས་བསྟུན། ཁོང་རང་ཉིད་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཐང་ཀའི་འགྲེམས་སྟོན་ཞིག་གནང་འདོད་ཡོད་པའི་སྐོར་སྙན་གསེང་དགོངས་སྐོར་ཞུས་པ་ལྟར། སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ནས་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་ཅིང་། བུ་ཆུང་ནུབ་རྒྱ་ལགས་ཀྱིས་གསུངས་ན། ཐེངས་འདིའི་ཐང་ཀའི་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་དང་སོག་པོ་དབར་གྱི་རི་མོའི་སྒྱུ་རྩལ་སོགས་ཀྱི་ཐད་སྟོང་ཆ་བསྐང་རྒྱུའི་ཆེད་དུ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

མ་ཟད་ཕྱི་ཚེས་ ༡༣ ཉིན་༸སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ཐང་ཀའི་འགྲེམས་སྟོན་ཐོག་དངོས་སུ་ཆེད་ཕེབས་ཀྱིས། བོད་ཀྱི་ཐང་ཀ་ངོ་སྤྲོད་དང་འབྲེལ། བོད་དང་སོག་པོའི་དབར་གྱི་འབྲེལ་བའི་སྐོར་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད་ལ། འགྲེམས་སྟོན་ཐོག་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་ཡང་ཆེད་ཕེབས་གནང་ཡོད་པ་རེད་འདུག

བུ་ཆུང་ནུབ་རྒྱ་ལགས་ནས་ཐོག་མར་ཐང་ཀའི་སྒྱུ་རྩལ་སྐོར་སློབ་སྦྱོང་གནང་བའི་བརྒྱུད་རིམ་ནི། དེ་སྔ་༸པཎ་ཆེན་སྐུ་འཕྲེང་བཅུ་པའི་སྐབས་སུ་བོད་ནང་གི་བོད་ཕྲུག་རྣམས་སློབ་སྦྱོང་གི་ཁོར་ཡུག་ནང་མེད་པ་གཟིགས་པར་བརྟེན་བོད་ཕྲུག་རེ་ཞིག་སྒྱུ་རྩལ་སྦྱོང་བརྡར་གྱི་སློབ་གྲྭར་མངགས་གནང་བའི་ཁྲོད་ཐང་ཀའི་སྒྱུ་རྩལ་ལ་སློབ་སྦྱོང་གནང་རྒྱུ་གོ་སྐབས་བྱུང་ཡོད་ཅིང་། ཕྱིས་སུ་སློབ་དཔོན་རྣམས་དང་ལྷན་དུ་བོད་ནང་སེར་འབྲས་དགའ་གསུམ་གཙོས་པའི་དགོན་སྡེ་ཁག་ཏུ་ཉམས་གསོག་གནང་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་གསུངས་ཀྱི་འདུག

རྩ་བའི་བུ་ཆུང་ནུབ་རྒྱ་ལགས་ནས་ཕྱི་ལོ་ ༢༠༡༡ ལོར་༸བཞུགས་སྒར་རྡ་རམ་ས་ལར་ཐང་ཀའི་འགྲེམས་སྟོན་གནང་ཡོད་ཅིང་། དེ་སྔ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་ལོ་ངོ་ ༢༠ འཁོར་བའི་སྐབས་སུའང་བོད་ཀྱི་ཐང་ཀའི་རིག་གཞུང་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎