འབྲུག་གིས་ཡུལ་མི་གསུམ་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག

འབྲུག་གི་གྲོང་ཁྱེར་སྤ་རོའི་ཡུལ་མི་གསུམ་ལ་ཐ་མག་འཁྱེར་ཡོང་བའི་ནག་ཉེས་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

2011.05.28

༄༅༎འབྲུག་གི་གྲོང་ཁྱེར་སྤ་རོའི་ནང་ཡོད་པའི་ས་གནས་ཁྲིམས་ཁང་གིས། ཕྱི་ཚེས་༢༦་ཉིན་ ཡུལ་མི་གསུམ་ལ་ཐ་མག་འཁྱེར་ཡོང་བའི་ནག་ཉེས་འོག ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང༌། མི་མང་པོ་ཞིག་གིས་འབྲུག་གཞུང་གི་ཐ་མག་བཀག་སྡོམ་གྱི་ཉེས་ཁྲིམས་དེ། ལྗིད་དྲགས་ཀྱི་ཡོད་པའི་སྐྱོན་བརྗོད་མང་པོ་ཞིག་ཐོན་བཞིན་ཡོད་པ་རེད།

འབྲུག་གཞུང་གིས་ཕྱི་ལོ་༢༠༠༥་ལོར་ཡུལ་ནང་རྡོ་ཐ་རིགས་ཚོང་འགྲེམས་མི་ཆོག་པའི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་པ་དང་། གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་འབྲུག་ནང་ཐ་མ་འཐེན་མཁན་ཞིག་ལ་ ཟླ་བ་གཅིག་ལ་ཕྱི་ནས་ཐ་མག་རྐང་༢༠༠དང་། རྡོ་ཐ་བེད་སྤྱོད་བྱེད་མཁན་ཞིག་ལ་རྡོ་ཐ་ག་རམ་༡༥༠ལས་ ཉོ་མི་ཆོག་པའི་དམ་དྲག་ཡོད་པ་དང་། ཁྲིམས་གཞི་དེའི་འོག་ནག་ཉེས་ཀྱི་ཉེས་པ་དང་པོ་འདི་སྔར་ལོ་ཕྱི་ཟླ་༣་པའི་ནང་འབྲུག་གི་གྲྭ་པ་བསོད་ནམས་ཚེ་རིང་ཟེར་བ་ཞིག་གིས། སྒོ་ཁྲལ་ལས་ཁུངས་ལ་གསལ་བཤད་མེད་པར་རྡོ་ཐ་ཁ་ནི་ཤོག་ཆག་༤༨་ འཁྱེར་ཡོང་བའི་ཉེས་པར་ལོ་གསུམ་གྱི་བཙོན་བཅུག་གི་ཉེས་པ་ཕོག་ཡོད་པ་རེད།

འབྲུག་ཡུལ་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོས་ཐ་མག་བཀག་སྡོམ་གྱི་ཁྲིམས་གཞི་དེ་ལྗིད་དྲགས་ཀྱི་ཡོད་པ་དང་། གནད་དོན་དེ་ལྟ་བུར་ཉེས་པ་དེ་ལྟ་བུའི་ལྗི་པོ་གཏོང་རྒྱུ་སྨྱོན་པའི་བྱ་སྤྱོད་ལྟ་བུ་འགྱུར་འདུག་ཅེས་སྐྱོན་བརྗོད་གནང་གི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎