འབྲུག་ཡུལ་དུ་དགེ་འདུན་པ་ཞིག་ལ་ཉེས་ཁྲིམས་བཅད་དོན་སྐོར།

འབྲུག་དགེ་འདུན་པ་ཞིག་ནས་ཐ་མག་ཚོང་སྒྱུར་བྱས་པར་ཉེས་ཁྲིམས་བཅད་པ་དེར་མང་ཚོགས་ཀྱིས་ཟིང་ཆ་སློང་ཐབས་བྱས་ན་འགྲིག་རྒྱུ་མིན་སྐོར།

2011.03.07

༄༅༎འབྲུག་ནང་གི་དགེ་འདུན་པ་ཞིག་ནས་འབྲུག་རྒྱལ་ཁབ་ཀྱི་ཐ་མག་ཚོང་སྒྱུར་མི་ཆོག་པའི་ཁྲིམས་གཞིར་རྩིས་མེད་བཏང་བའི་ནག་ཉེས་འོག་ལོ་གསུམ་རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་བའི་གནད་དོན་ཐད་མང་ཚོགས་ཀྱིས་ཟིང་ཆ་སློང་ཐབས་བྱས་ན་འགྲིག་རྒྱུ་མིན་སྐོར་དེ་རིང་ཡུལ་གྱི་སྲིད་བློན་འཇིགས་མེད་འཕྲིན་ལས་མཆོག་གིས་ཉེན་བརྡ་བཏང་གནང་འདུག།

འབྲུག་གི་སྲིད་བློན་འཇིགས་མེད་འཕྲིན་ལས་མཆོག་གིས་ཀུན་གསལ་ཉིན་རེའི་གསར་ཤོག་ནང་ལོ་གྲངས་༢༣ལ་སླེབས་པའི་ནག་ཉེས་ཕོག་མཁན་བསོད་ནམ་ཚེ་རིང་ཐད་བློ་འཚབ་ཡོད་སྐོར་གསུང་གནང་བ་དང༌སྦྲགས། འབྲུག་ཡུལ་ནང་ཕྱི་རྒྱལ་གྱི་ལུགས་སྲོལ་འཁྱེར་མི་དགོས་གཙོ་དོན་བྱ་དགོས་རྒྱུའི་འབོད་སྐུལ་ཡང་གནང་བཞག། ཉེ་ཆར་Facebookངོ་དེབ་དྲ་རྒྱའི་ཐོག་རྡོ་ཐ་ཐོག་དམ་འཛིན་བྱ་རྒྱུའི་ཁྲིམས་གཞིར་བསྒྱུར་བཅོས་གཏོང་དགོས་རྒྱུའི་སྐོར་གནས་ཚུལ་ཐོན་པའི་སྤྱི་ཚོགས་ནང་ཟིང་ཆ་སློང་གཞིའི་སྐད་ཆ་དང་བྱ་སྤྱོད་དེའི་རིགས་ལ་གཞུང་གིས་

ལན་འཆར་བཏོན་རྩིས་མེད་སྐོར་གསུངས་ཡོད་པ་དང༌། ངོ་རྒོལ་རྔམ་སྟོན་དང་འབྲེལ་བའི་ལས་འགུལ་རིགས་ལ་གྲུབ་འབྲས་སོན་རྒྱུའི་སྔོན་དཔག་བྱེད་ཁག་པོ་ཡིན་པར་བརྟེན། གཞུང་འཛིན་དཔོན་རིགས་ཚོས་ཁྲིམས་ཀྱི་དབང་སྒྱུར་ལ་རྩིས་མེད་གཏོང་སའི་རྒྱལ་ཁབ་ཁག་གི་ནང་དུ་མ་གཏོགས་ངོ་རྒོལ་བྱེད་དགོས་དོན་རྩ་བ་ནས་མེད་སྐོར་འགྲེལ་བརྗོད་གནང་བཞག། འབྲུག་པའི་དགེ་སློང་བསོད་ནམ་ཚེ་རིང་ཀྱིས་ རེས་གཟའ་ཕུར་བུའི་ཉིན་ རྒྱ་གར་ནས་འབྲུག་གི་དངུལ་ཀྲམ་༡༢༠གནས་པའི་རྡོ་ཐ་ཤོག་ཆག་༤༨མཉམ་འཁྱེར་བྱས་ཡོད་པ་།འབྲུག་གི་འགག་སྒོ་ནས་འཛིན་བཟུང་བྱས་ཡོད་པ་རེད། འབྲུག་ཡུལ་གྱི་སྲིད་བློན་མཆོག་གིས་ གལ་ཏེ་མང་ཚོགས་ཀྱིས་རྡོ་ཐ་ཐོག་དམ་བསྒྲགས་ཀྱི་ཁྲིམས་གཞིར་འགྱུར་བ་གཏོང་འདོད་ཡོད་ཚེ་དྲ་རྒྱའི་བརྒྱུད་མང་ཚོགས་ལ་སྐུལ་སློང་མ་བྱས་པར་ཁྲིམས་ལ་འགྱུར་བ་གཏོང་རྒྱུའི་ཐབས་ལམ་གཞན་ཡོད་པའི་སྐོར་གསུངས་བཞག། དེ་བཞིན་དོ་འདྲེན་རླངས་འཁོར་ཁ་ལོ་པ་ ལྷབ་ཚེ་རིང་གིས་རྡོ་ཐ་ཤོག་ཆག་༦༨ནག་ཚོང་རྒྱག་ཐབས་བྱས་པ་འབྲུག་གཞུང་གིས་འཛིན་བཟུང་བྱེད་སྲིད་པའི་སྐོར་འབྲུག་གི་ཕྱོགས་འགལ་ཚོགས་པས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎