འབྲུག་གི་རྒྱལ་པོ་གསར་པའི་ཁྲི་འདོན་གསུང་འཕྲིན།

འབྲུག་རྒྱལ་མཆོག་ནས་མི་མང་ཚོར་བདེ་སྐྱིད་ཕན་བདེ་སྐྲུན་རྒྱུའི་དམིགས་ཡུལ་གཙོ་བོ་འཛིན་གྱི་ཡོད་པའི་གསུང་བཤད་གནང་ཡོད་པ་རེད།

2008.11.07

༄༅༎དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་དཔལ་འབྱོར་དང་ཚོང་དོན་སོགས་ཀྱི་འབྲེལ་ལམ་ཟབ་ཏུ་ཕྱིན་ནས་སྲོལ་རྒྱུན་རིག་གཞུང་གི་ལམ་སྲོལ་རིམ་བཞིན་ཤུགས་ཆུང་དུ་འགྲོ་གི་ཡོད་པའི་དུས་སུ་ཁ་ས་འབྲུག་གི་རྒྱལ་པོར་ཁྲི་འདོན་གནང་བ་འཇིགས་མེད་གེ་སར་དབང་ཕྱུག་མཆོག་གིས་གཟའ་པ་སངས་ཉིན་ཁོང་ཉིད་འབྲུག་ཡུལ་གྱི་རྒྱལ་པོར་བསྐོ་བཞག་བྱུང་བའི་རྟེན་འབྲེལ་མཛད་སྒོའི་ཐོག་གསུང་བཤད་གནང་བའི་ནང་ཁོང་གིས་འབྲུག་གི་རྒྱལ་པོའི་ཐུགས་འགན་བཞེས་རིང་འབྲུག་ཡུལ་མི་མང་ཚོར་བདེ་སྐྱིད་ཕན་བདེ་སྐྲུན་རྒྱུའི་དམིགས་ཡུལ་གཙོ་བོར་འཛིན་ནས་ཡུལ་དེའི་རིག་གཞུང་གཅེས་འཛིན་དང་སྲོལ་རྒྱུན་གྱི་རྗེས་ཤུལ་འཛིན་རྒྱུ་དམ་བཅའ་འཇོག་གནང་ཡོད་པ་རེད། ཡང་རྒྱལ་པོ་མཆོག་ནས་གསུང་བཤད་གནང་བའི་ནང་ཁོང་ཉིད་ཀྱི་ཐུགས་འཚབ་ཆེ་ཤོས་གནང་ཡས་དེ་ནི་འཛམ་གླིང་ནང་འགྱུར་ལྡོག་འགྲོ་བཞིན་པའི་གནས་སྟངས་དེས་རྐྱེན་པས་འབྲུག་ཡུལ་གྱི་གཞི་རྩའི་རིན་ཐང་བརླག་འགྲོ་རྒྱུའི་ཉེན་ཚབས་དེ་ཡིན་ཞིང་ཡིན་ནའི་ང་ཚོའི་གལ་འགངས་ཆེ་བའི་དམིགས་ཡུལ་དེ་ནི་མི་མང་ཚོར་ཞི་བདེ་དང་བདེ་སྐྱིད་སྐྲུན་རྒྱུ་དང་འབྲུག་རྒྱལ་ཁབ་དེ་བཞིན་བདེ་འཇགས་དང་གཅིག་གྱུར་དུ་གནས་རྒྱུ་དེ་ཡིན་པ་གསུང་བཤད་གནང་ཡོད་འདུག དགུང་གྲངས་ཉི་ཤུ་རྩ་བརྒྱད་ལ་ཕེབས་པའི་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གཟའ་ཕུར་བུའི་ཉིན་འབྲུག་རྒྱལ་པོར་དངོས་སུ་ཁྲི་འདོན་གནང་ཡོད་པ་དང་ཁོང་ཉིད་འཛམ་གླིང་ནང་ནས་རྒྱལ་པོ་སྐུ་ན་ཕྲ་ཤོས་དེ་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎