མངའ་སྡེའི་སྤྱི་ཁྱབ་མཆོག་དུས་འཁོར་དབང་ཆེན་ལ་སྐུ་བཅར།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་རྒྱ་གར་མངའ་སྡེ་བི་ཧར་གྱི་སྤྱི་ཁྱབ་བློན་ཆེན་སྐུ་བཅར་ཞུས་གནང་ཡག་རེད་འདུག

2011.12.07

༄༅༎རྒྱ་གར་མངའ་སྡེ་བི་ཧར་གྱི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མའར་གྱིས་རིང་མིན་གནས་མཆོག་རྡོར་རྗེ་གདན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་སྩལ་སྐབས་སྐུ་བཅར་ཞུས་གནང་ཡག་རེད་འདུག།
དུས་འཁོར་དབང་ཆེན་ཐེངས་༣༢པ་གོ་སྒྲིག་གནང་མཁན་ཚོགས་ཆུང་གི་ཟུང་དྲུང་ཐུབ་བསྟན་བྱམས་པ་ལགས་ཀྱིས་ ཕ་ཡུལ་དྲ་གནས་ལ་གསུངས་ན། ཟླ་བ་འདིའི་ཚེས་༣༡ནས་༢༠༡༢ཕྱི་ཟླ་༡པོའི་ཚེས་༡༠བར་ཚུགས་གནང་རྒྱུའི་དུས་འཁོར་དབང་ཆེན་ཐོག་ བི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་གཞུང་འབྲེལ་གདན་ཞུ་ཕུལ་བར་ཁོང་གིས་ཞལ་བཞེས་གནང་ཡོད་སྐོར་གསུངས་བཞག། རེས་གཟའ་ཟླ་བའི་ཉིན་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་དང་ཨ་རུ་ན་ཅལ་པར་དེཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོར་རྗེ་མཁའ་འགྲོ་ལགས་ཀྱི་སྲས་བགྲེས་ཤོས་པདྨ་མཁའ་མགྲོ་ལགས་གཙོས་པའི་དབང་ཆེན་གོ་སྒྲིག་གནང་མཁན་རྒྱུན་ལས་ཁག་ཅིག་གིས་ བི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་གཟིམ་ཤག་ཏུ་བཅར་སྐབས་ནི་ཏིཤ་ཀུ་མའར་གྱིས་དུས་འཁོར་དབང་ཆེན་ཐོག་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། དུས་འཁོར་དབང་ཆེན་དང་འབྲེལ་བའི་གནད་དོན་ཐད་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ནས་ཁོང་གི་སྤྱི་ཁྱབ་དྲུང་ཆེ་དང་ཐད་ཀར་འབྲེལ་གཏུགས་གནང་ན་འགྲིག་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎