ཨ་རིའི་སྲིད་འཛིན་ཟུར་པ་ཁི་ལིན་ཊེན་བྱང་ཀོ་རི་ཡར་འཚམས་འདྲི།

ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་སྦིལ་ཁི་ལིན་ཊེན་དེ་རིང་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཡོད་པ་རེད།

2009.08.04

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་སྦིལ་ཁི་ལིན་ཊེན་དེ་རིང་རེས་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཡོད་པ་དང་ཁོང་གི་འཚམས་འདྲི་དེ་ནི་བྱང་ཀོ་རི་ཡས་འཛིན་བཟུང་བྱས་པའི་ཨ་མི་རི་ཀའི་གསར་འགོད་པ་གཉིས་པོ་གློད་འགྲོལ་ཡོང་ཐབས་འབད་བརྩོན་གནང་རྒྱུ་ཡིན་པ་རེད།

དེ་ཡང་ཨ་མི་རི་ཀའི་དཔོན་རིགས་ཤིག་གིས་དེ་རིང་གསར་འགོད་པར་གསུང་དོན་ལ་ཉེ་ཆར་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལིན་ཊེན་མཆོག་གི་སྐུ་ཟླ་སྲིད་འཛིན་ཟུར་པ་སྦིལ་ཁི་ལིན་ཊེན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་དེ་ནི་ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་ཨ་མི་རི་ཀའི་གསར་འགོད་པ་གཉིས་རྒྱ་ནག་དང་ས་མཚམས་འཁེལ་ཡུལ་གྱི་བྱང་ཀོ་རི་ཡའི་ས་ཐོག་ནས་འཛིན་བཟུང་བྱས་པ་དེ་གཉིས་གློད་འགྲོལ་ཡོང་ཐབས་སོགས་གནད་དོན་ཆ་ཚང་བ་ལེགས་གྲུབ་ཡོང་ཐབས་ཀྱི་ཆེད་དུ་ཡིན་པ་དང་ཁོང་གི་འཚམས་འདྲི་དེ་ཡང་དུས་ཚོད་ཐུང་ཐུང་ཞིག་ཡིན་པའི་སྐོར་གསུང་ཡོད་པ་རེད། ཡིན་ནའང་ལྷོ་ཀོ་རི་ཡའི་གསར་ཤོག་ཅིག་གི་ཐོག་ལ་སྐུ་ཞབས་སྦིལ་ཁི་ལིན་ཊེན་མཆོག་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀར་ཕྱིར་ལོག་གནང་གི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་དང་ལྷོ་ཀོ་རི་ཡའི་གནས་ཚུལ་དབྱེ་ཞིབ་པ་ཚོས་སྐུ་ཞབས་སྦིལ་ཁི་ལིན་ཊེན་གྱིས་ད་རེས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་དང་མཇལ་འཕྲད་གནང་རྒྱུ་དང་ཁོང་གི་ལྷན་དུ་ཨ་མི་རི་ཀའི་གསར་འགོད་པ་གཉིས་པོ་ཨ་རིར་ཕྱིར་ལོག་བྱ་རྒྱུ་དང་ལྷག་པར་དུ་ད་རེས་ཀྱི་འཚམས་འདྲི་དེ་ཡིས་བར་ལམ་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱས་པའི་གནད་དོན་ཐོག་ཨ་མི་རི་ཀ་ཁོང་ཁྲོ་ཆེན་པོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བྱང་ཀོ་རི་ཡའི་བྱ་སྤྱོད་ཐོག་ལ་ཉེས་ཆད་གཏོང་དགོས་པའི་གནོན་ཤུགས་སྤྲོད་བཞིན་པ་སོགས་བྱང་ཀོ་རི་ཡའི་ཕྱོགས་ནས་ཨ་མི་རི་ཀ་དང་ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་ཁག་བར་ཏུ་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་དེ་དག་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎