རྒྱ་ནག་གིས་ཐའེ་ཝན་གྱི་བདག་དབང་ཐོབ་ཐང་རྩོད་ལེན་བྱེད་པར་ཨ་མི་རི་ཀས་ཁས་མི་ལེན་པའི་གྲོས་འཆར་ཅིག་བཏོན་པ།
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་དམངས་གཙོ་ཚོགས་པའི་ཚོགས་མི་མཐོ་ཤོས་ཀྱིས་པེ་ཅིང་གི་རྒྱ་ནག་གཅིག་གི་རྩ་དོན་ཞེས་པ་དེ་དང་ཐེ་ཝན་གྱི་རྒྱལ་སྤྱིའི་འབྲེལ་བའི་ནང་ཕྱི་འབྲེལ་གྱི་མཉམ་ཞུགས་ལ་འགོག་རྐྱེན་བཟོ་བའི་ལས་དོན་ལ་ཁ་གཏད་གཅོག་པའི་ཁྲིམས་འཆར་བཏོན་ཡོད་པ་རེད་འདུག ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་Idaho མངའ་སྡེའི་གྲོས་ཚོགས་འཐུས་མི་ James Rischལགས་ཀྱིས་ཨ་རིས་རྒྱ་ནག་གིས་ཐེ་ཝན་གྱི་ཐོབ་ཐང་ལ་ངོས་འཛིན་བྱེད་ཀྱི་མེད་ཅེས་དང་རྒྱ་ནག་གཞུང་གིས་འཛམ་གླིང་ལ་མགོ་སྐོར་བཏང་ནས་༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ལ་རང་གི་དམིགས་ཡུལ་ཆེད་དུ་འགྱུར་བ་གཏོང་ཐབས་བྱས་ཡོད་ཀྱང་ང་ཚོས་ངན་ཇུས་འདི་དག་མཐོང་ནས་ང་ཚོའི་གྲོགས་པོ་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ཐེར་འདོན་ནན་པོ་གནང་འདུག ཡང་གྲོས་འཆར་འདི་ནི་གྲོས་ཚོགས་གོང་མའི་འཐུས་མི་Sen. Jeanne Shaheen དང་ ཨ་རི་མངའ་སྡེ་ Nebraska གྱི་གྲོས་ཚོགས་འཐུས་མི་ Pete Ricketts ཨ་་རི་མངའ་སྡེ་ Delaware ཡི་གྲོས་ཆོགས་འཐུས་མི Chris Coons བཅས་་གྱིས་མཉམ་འབྲེལ་ཐོག་ནས་རྒྱབ་སྐྱོར་གནང་བ་ཞིག་ཡིན་འདུག་ལ་ཁོང་རྣམས་པས་རྒྱ་ནག་གཅིག་གི་རྩ་དོན་དང་ཨ་རིའི་རྒྱ་ནག་གཅིག་གི་སྲིད་ཇུས་གཉིས་ཀྱི་གནད་དོན་ཐད་ལ་ནོར་འཁྲུལ་བཟོ་བཞིན་པའི་སྐོར་ལ་སེམས་འཚབ་བྱེད་ཀྱི་ཡོད་པར་གསལ་སྟོན་གནང་འདུག་ལ ཁྲིམས་འཆར་དེའི་ནང་རྒྱ་ནག་གིས་༡༩༧༡ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་བེད་སྤྱོད་ལོག་པར་བཏང་ནས་ཐེ་ཝན་གྱི་ཐོབ་ཐང་ཁྲིམས་མཐུན་བཟོས་པ་དང་རྒྱལ་སྤྱིའི་ནང་ཐེ་གཏོགས་བྱེད་པར་ཚད་བཀག་བཟོས་ཡོད་ཅེས་བརྗོད་ཡོད་པ་རེད་འདུག གཞི་རྩའི་གྲོས་ཆོད་འདི་ནི་ཉེ་ཆར་ཨ་རི་སྲིད་འཛིན་ Donald Trump ཞུང་གིས་ཕྱི་སྲིད་ལས་ཁུངས་ཀྱི་ཡིག་ཆའི་ནང་ནས་ང་ཚོས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་པའི་ཚིག་བརྗོད་དེ་ཕྱིར་འཐེན་བྱས་རྗེས་ཐོན་ཡོད་པ་དང་། དེ་ལ་རྒྱ་ནག་གྱིས་སྐྱོན་བརྗོད་བྱས་ནས་་རྒྱ་ནག་དང་འབྲེལ་བ་དེ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད་འདུག
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།