བལ་ཡུལ་གྱི་རྒྱལ་སའི་ནང་བྱ་ནད་ཐོན་པའི་གནས་ཚུལ།

བལ་ཡུལ་གྱི་རྒྱལ་སའི་ཌུ་ལུ་ཞེས་པའི་ས་གནས་ཀྱི་བྱ་གསོ་ཁང་ནས་ཁྱིམ་བྱ་སྟོང་ཕྲག་མང་པོ་ཤི་བའི་གནས་ཚུལ།

2012.03.18

༄༅༎བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུའི་ནང་བྱ་ནད་འགོས་ཁྱབ་ཕྱིན་ཏེ། རྒྱལ་སའི་ནང་དུ་ཡོད་པའི་Dullu ཞེས་པའི་ས་གནས་ཀྱི་བྱ་གསོ་ཁང་ནས་ཁྱིམ་བྱ་སྟོང་ཕྲག་མང་པོ་ཤི་བའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་དུད་འགྲོའི་འཕྲོད་བསྟེན་ལས་ཁང་གི་སྨན་པ་Ram Krishna ཞུ་བས་Himalayan Times ཞེས་པའི་ཉིན་རེའི་གསར་ཤོག་ལས་ཁང་ལ་གསུངས་བར་གཞིགས་ན། རྒྱལ་ས་ཀ་ཐ་མན་ཌུའི་Dallu ས་གནས་ཀྱི་བྱ་གསོ་ཁང་གི་བྱིན་བདག་Ranga Nath Poudel ཡིས། ཁོང་གི་བྱ་གསོ་ཁང་ནས་ཁྱིམ་བྱ་ཤི་བའི་གནས་ཚུལ་སྙན་གསེང་ཞུས་པའི་རྗེས། ཕྱི་ཟླ་གསུམ་པའི་ཚེས་༡༣ ཉིན་ཁྱིམ་བྱ་ཤི་བའི་ཁྲག་སོགས་བརྟག་དཔྱད་བྱས་པ་ཡིན་ཞིང༌། བརྟག་དཔྱད་ཀྱི་འབྲས་བུར་བྱ་གསོ་ཁང་དེ་ནས་བྱ་ནད་ཕོག་པའི་ཁྱིམ་བྱ་ཆིག་ཁྲི་ལྔ་སྟོང་ལྷག་ཤི་བའི་ར་སྤྲོད་བྱུང་བའི་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ཁྱིམ་བྱ་དེ་དག་བྱ་ནད་ཕོག་ཏེ་ཤི་བའི་གནས་ཚུལ་ར་སྤྲོད་བྱུང་བའི་རྗེས། ཁྱིམ་བྱ་རྣམས་དབྱེ་འབྱེད་བྱེད་སྒོ་བཙུགས་པ་དང༌། ཁྱིམ་བྱའི་ཟས་རིགས་གཙང་སེལ་དང༌། བྱ་ནད་འགོག་ཐབས་ཀྱི་ཆེད་དུ་འཕྲོད་བསྟེན་ལས་ཁང་ནས་ཕྱུག་རིགས་སྨན་པ་ཞིག་དང༌། འཕྲུལ་རིག་ལག་རྩལ་བ་གཉིས་། ལས་རོགས་བདུན་བཅས་འཕྲལ་དུ་ས་གནས་སུ་ཆེད་གཏོང་བྱས་པའི་ཐོག་ས་ཁུལ་དེ་ནི་བྱ་ནད་ཡོད་པའི་དོགས་འཛོན་བྱ་དགོས་པའི་གསལ་བསྒྲགས་བྱསཔབའི་སྐོར་གསུང་ཡོད་པ་རེད།། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎