པ་ཀིསྟན་ནང་འབར་རྫས་འགས་ཐོར།
2011.05.08
༄༅༎པ་ཀིསྟན་ནང་བློན་ཆེན་ཞིག་གི་གཟིམ་ཤག་གི་སྒོ་འགྲམ་དུ་འབར་རྫས་འགས་ཐོར་གྱི་དོན་རྐྱེན་ནང་མི་གསུམ་རྨས་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་པ་ཀིསྟན་གྱི་གྲོང་ཁྱེར་ པེ་ཤ་ལྦར་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཡུལ་དེའི་བྱང་ནུབ་གྱི་གྲོང་ཁྱེར་པེ་ཤ་ལྦར་གྱི་བློན་ཆེན་ཞིག་གི་གཟིམ་ཤག་གྱི་ཕྱི་རོལ་དུ་འབར་རྫས་འགས་ཐོར་གྱི་དོན་རྐྱེན་ཡུལ་མི་གསུམ་རྨས་ཡོད་ལུགས་ལུགས་ས་གནས་ཀྱི་ཉེན་སྲུང་མི་སྣས་འགྲེལ་བརྗོད་བྱས་ཡོད་པ་ཙམ་ལས་ཞིབ་ཁྲའི་གནས་ཚུལ་གང་ཡང་མི་འདུག འབར་རྫས་འགས་ཐོར་གྱི་དོན་རྐྱེན་དེ་བཞིན་པ་ཀིསྟན་གྱི་སོ་ནམ་ཞིང་ལས་བློན་ཆེན་ཨརྦབ་ཨ་ཡུབ་ཇན་གྱིས་གཟིམ་ཤག་གི་མཁྲིས་སུ་བྱུང་བའི་གནས་ཚུལ་བྱུང་མ་ཐག་ཉེན་སྲུང་མི་སྣ་བཏང་ནས་ཞིབ་འཇུག་བྱེད་བཞིན་པ་དང་། ད་ལྟའི་སྐབས་སུ་ཡུལ་མི་གསུམ་རྨས་ཡོད་པ་ཤེས་རྟོགས་བྱུང་ཡོད་ལུགས་ཉེན་སྲུང་དཔོན་རིགས་མོ་ཧ་མརྡ་ཨི་ཇཛེ་ཡིས་ཕ་རནྶེའི་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་འདུག། བདུན་ཁྲག་སྔོན་མ་ཨ་མི་རི་ཀས་དམིགས་བསལ་དཔུང་དམག་གིས་འཇིགས་སྐུལ་དྲག་སྤྱོད་པ་ཨོ་ས་མ་བྭིན་ལ་དྷེན་པ་ཀི་སི་ཐན་ནང་རྐྱེན་ལམ་བཏང་བའི་རྗེས་སུ་ཨལ་ཁེ་ཏ་དྲག་སྤྱོད་པའི་སྒྲིག་འཛུགས་ཀྱི་མི་སྣས་ པ་ཀིསྟན་དང་ཨ་མེ་རི་ཀ་གཙོས་པའི་འཛམ་གླིང་ཁྱོན་སུ་དགྲ་ཤ་ལེན་རྒྱུའི་རྡིག་ར་གཏོང་བཞིན་པ་རེད༎