སྐུ་ཞབས་ཊུ་ཊུ་དང་༧གོང་ས་མཆོག་བར་གྱི་བགྲོ་གླེང་ཐད་གཏོང་།


2015.04.22
༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་རྡ་རམ་སཱ་ལར། ༢༠༡༥།༤།༡༨ ༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་རྡ་རམ་སཱ་ལར། ༢༠༡༥།༤།༡༨
སྐུ་སྒེར་དྲ་བ

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཊུ་ཊུ་རྣམ་གཉིས་ཀྱིས་རྡ་ས་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་བཀའ་སློབ་བགྲོ་གླེང་གནང་རྒྱུ།
དེ་ཡང་ལྷོ་ཨ་ཧྥེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཟུར་པ་དང་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་Desmond TuTuམཆོག་ཕྱི་ཟླ་༤ཚེས་༡༨ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་ཡོད་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེན་པོ་ཡོད་པ་Desmond TuTu་མཆོག་བཞུགས་སྒར་རྡ་རམ་ས་ལར་གཟའ་འཁོར་གཅིག་ཙམ་རིང་བཞུགས་གནང་རྒྱུ་ཡིན་འདུག་ཅིང་། ཐེངས་འདིའི་ཕེབས་དོན་གཙོ་བོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་Desmond TuTuརྣམ་གཉིས་ཟུང་སྦྲེལ་གྱི་ཐོག་ནས་དགའ་ཚོར་རམ་བདེ་སྐྱིད་ཅེས་བའི་ཕྱག་དེབ་ཞིག་འབྲི་གནང་མཛད་རྒྱུ་ཡིན་པ་དེའི་ཐོག་ཕན་ཚུན་བགྲོ་གླེང་གནང་བཞིན་པ་རེད། མཛད་འཆར་གཞིར་བཟུང་ལྟར་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་Archbishop Tutuརྣམ་གཉིས་དབར་གྱི་ཕྱག་དེབ་ཀྱི་བགྲོ་གླེང་དེ་རེས་གཟའ་པ་སངས་བར་གནང་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་༢༣རེས་གཟའ་ཕུར་བུའི་ཕྱི་དྲོ་ཚོུད་༢དང་ཕྱེད་ཀའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བླ་ཆེན་Tutu རྣམ་གཉིས་རྡ་སྟེང་བོད་ཁྱིམ་དུ་ཆིབས་སྒྱུར་བསྐྱངས་ནས་སློབ་ཕྲུག་ཚོར་བཀའ་སློབ་གསུངས་བཤད་དང་། དབུ་འཁྲིད་རྣམ་གཉིས་དབར་བགྲོ་གླེང་མཛད་རྒྱུ་ཡིན་འདུག་ལ་བགྲོ་གླེང་གི་ལས་རིམ་ཐད་ཀར་ www.Dalailama.comདྲ་ལམ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་རེད།
མཉམ་སྦྲེལ་ཕྱག་དེབ་དེ་བཞིན་སྐུ་ཞབས་Doug Abramsཞུ་བས་ཕྱོགས་བསྒྲིགས་ཞུ་རྒྱུ་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎