བོད་མིར་ལས་ཀའི་གོ་སྐབས་བསྐྲུན་ཆེད་ཚོགས་འདུ།

རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ཀྱི་ལས་ཀ་སྲ་བརྟན་དུ་གཏོང་རྒྱུ་དང༌། བོད་མིར་ལས་ཀའི་གོ་སྐབས་བསྐྲུན་ཆེད་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ལ་ཚོགས་འདུ་ཞིག་ཚོགས་འདུག

2013.01.30

དེ་ཡང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་ཆེད་། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་པའི་ (BPO) ཚོང་ལས་ཁང་ཆེ་གྲས་ཁག་གི་འཛིན་སྐྱོང་གི་ལས་དོན་ཕྱི་ཕྱོགས་ནས་སྒྲུབ་མཁན་གྱི་ཚན་པ་ཞིག་གསར་འཛུགས་གནང་འཆར་ཡོད་པ་དང་སྟབས་བསྟུན། ཚེས་༢༨ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་པས་གོ་སྒྲིག་ཞུས་ཐོག་གནད་དོན་དེའི་སྐོར་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀ་ན་ཀྲ་ཀའི་རྒྱལ་ས་སྦེང་ལོར་དུ་སྔོན་འགྲོའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ་གཙོས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་(BPO)འདྲ་མིན་ནང་ལས་ཀ་བྱེད་བཞིན་པའི་བོད་པའི་གཞོན་སྐྱེས་ཁག་ཅིག་ཚོགས་འདུ་དེའི་ཐོག་ཕེབས་ཡོད་པ་རེད།

ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི། རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ཀྱི་ལས་ཀ་སྲ་བརྟན་དུ་གཏོང་རྒྱུ་དང༌། ལས་རིགས་གསར་གཏོད། དེ་བཞིན་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ཁེ་ཕན་ལེན་ཐུབ་རྒྱུ་དང་། འཚོ་ཐབས་ཡར་རྒྱས་གཏོང་ཐབས་བྱས་པའི་བརྒྱུད། གཙོ་བོ་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་གི་ནུས་ཤུགས་སླར་གསོ་ཐུབ་ཐབས་སོགས་ཀྱི་ཆེད་དུ་ཡིན་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎