ཨོ་སི་ཀྲོ་ལི་ཡའི་འབྱུང་བའི་གནོད་འཚེར་ཞལ་འདེབས།

བོད་ཀྱི་དུས་སྟོན་ཁྲོད་ནས་ཡོང་བབས་ཀྱི་ཆ་ཤས་ཤིག་ཆུ་རླབས་ཀྱི་གནོད་འཚེ་ཕོག་པའི་ངལ་སེལ་གྱི་ལས་དོན་ཆེད་ཞལ་འདེབས་འབུལ་འཆར།

2011.01.20

༄༅༎ཉེ་ལམ་ཨོ་སི་ཀྲོ་ལི་ཡའི་ཀུའིན་སི་ལེན་མངའ་ཁུལ་ནང་ཆུ་རླབས་ཀྱི་གནོད་འཚེ་དང་དོ་ཕོག་ཤུགས་ཆེ་བྱུང་བར་སོང་ཁུལ་དེའི་གྲོང་ཁྱེར་སྦི་རི་སི་སྦེན་ནང་ཚོགས་རྒྱུའི་བོད་ཀྱི་དུས་སྟོན་ཁྲོད་ནས་མ་དངུལ་འདུ་བཀོད་གནང་རྒྱུའི་ཡོང་བབས་ཀྱི་ཆ་ཤས་ཤིག་ཆུ་རླབས་ཀྱི་གནོད་འཚེ་ཕོག་པའི་ངལ་སེལ་གྱི་ལས་དོན་ཆེད་ཞལ་འདེབས་འབུལ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་༎

སྦི་རི་སི་སྦེན་བོད་ཀྱི་དུས་སྟོན་ཞེས་པ་དེ་ཁུལ་དེའི་ནང་བཅའ་བཞུགས་བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་སྣེ་འཁྲིད་གནང་སྟེ་བོད་མིའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་དོན་ལྟར་ བྱམས་སེམས་དང་གཞན་ཕན་ ཞི་བདེ་བཅས་གོང་མཐོར་གཏོང་རྒྱུའི་གཙོ་དོན་གནང་པའི་དུས་སྟོན་ཞིག་ཡིན་པ་རེད་ བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་གསུང་ན་ འདི་ལོའི་བོད་ཀྱི་དུས་སྟོན་ཐོག་མི་མང་ཕོན་ཆེ་འདུ་འཛོམས་ཡོང་རྒྱུ་དང་སྐུའི་གཅུང་མོ་རྗེ་བཙུན་པད་མ་ལགས་སྐུ་མགྲོན་དུ་གདན་ཞུས་གནང་ཡོད་པའི་སྐོར་ངོ་སྤྲོད་གནང་ཞིང་ དུས་སྟོན་སྐབས་འཁྲབ་སྟོན་གྱི་མཛད་རིམ་ཁག་གི་ཕྱག་ཁྱེར་གྱི་ཡོངས་བབ་ནས་ཀུའིན་སི་ལེན་ནང་ཆུ་རླབས་ལ་རྐྱེན་པས་ ངས་སེལ་གྱི་ལས་དོན་ཆེད་ཞལ་འདེབས་འབུལ་རྒྱུ་དང་ ཞལ་འདེབས་ཀྱི་ཡོང་བབས་ཁག་ཅིག་རྡ་ས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲར་འབུལ་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎