དཔར་རིས་བེད་སྤྱོད་ལོག་པ་བྱས་པ་རེད་གསུངས།

བོད་མི་དགེ་འདུན་པ་ཚོས་རྐྱེ་རྒུ་མདོའི་ས་ཡོམ་སྐབས་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཕུང་པོ་མཉམ་བསྲེག་གི་ཞུགས་འབུལ་གནང་སྐབས་ཀྱི་དཔར་རིས་བེད་སྤྱོད་ལོག་པ་བྱས་སྐོར་གསུངས།

2012.08.16

༄༅།    །འདི་རིང་ཚེས་ ༡༦ རེས་གཟའ་ཕུར་བའི་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཉེ་སྔོན་འབར་མའི་ནང་ཁ་ཆེ་དང་ནང་པའི་དབར་འཁྲུག་རྩོད་དབང་གིས་བོད་མིའི་ཐོག་ དོན་མེད་མཐོང་ཚུལ་དང། བློ་ཕམ་སྐྱེ་གཞིའི་གནས་ཚུལ་ཡང་ཁ་ཤས་བྱུང་ཡོད། བོད་མིར་མཐོང་ཚུལ་བྱུང་དགོས་པའི་རྒྱུ་མཚན་གཙོ་བོ་དྲྭ་རྒྱའི་ནང་ཕྱི་ལོ་ ༢༠༡༠ ཟླ་ ༤ ནང་རྐྱེ་རྒུ་མདོའི་ས་ཡོམ་སྐབས་བོད་མི་བརྒྱ་ཕྲག་མང་པོ་རྐྱན་འདས་སུ་གྱུར་ཡོད་ པར་བརྟེན། ཛ་དྲག་གི་གནས་སྟངས་འོག་བོད་མི་དགེ་འདུན་པ་ཚོས་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཕུང་པོ་མཉམ་བསྲེག་གི་ཞུགས་འབུལ་གནང་སྐབས་ཀྱི་དཔར་རིས་བེད་སྤྱོད་ལོག་པ་ བྱས་པ་ལས་བོད་མིའི་ཐོག་མཐོང་ཚུལ་ལོག་པ་བྱུང་བ་ཞིག་ཡིན་འདུག ཅེས་གསུངས་འདུག
གསལ་བསྒྲགས་དེའི་ནང་ད་དུང་།    བོད་མིའི་སྤྱི་ཚོགས་ཀྱི་བྱུང་རབས་ལོ་རྒྱུས་ཐོག་བོད་པ་ཁ་ཆེ་དང་ནང་པའི་དབར་འབྲེལ་ལམ་དམ་ཟབ་ཡོད་པ། ཁྱད་པར་༧གོང་ས་མཆོག་གིས་འཛམ་གླིང་ཁྱོན་ཡོངས་ལ་ཆོས་ལུགས་མཐུན་སྒྲིལ་དགོས་ པའི་བཀའ་སློབ་ལམ་སྟོན་མཛད་དང་མཛད་མུས་ཡིན་པས་མ་ཟད། ༧མགོན་པོ་གང་ཉིད་མཆོག་ནས་ཀྱང་ཁ་ཆེའི་ལྷ་ཁང་ལ་གནས་གཟིགས་མཛད་པ་དང་། ཁ་ཆེའི་བླ་ཆེན་མང་པོ་དང་འབྲེལ་ལམ་དམ་ཟབ་མཛད་མུས་ཡིན་པ། དེ་བཞིན་ཉེ་ལམ་ཨ་སམ་གྱི་དོན་རྐྱེན་སྐབས་སུའང་༧གོང་ས་མཆོག་གིས་ཡོངས་གྲགས་སུ་ མགོན་པོ་གང་ཉིད་་ཐུགས་བློ་ཕམ་བྱུང་བའི་བཀའ་སློབ་སྩལ་ཡོད།    ཅེས་དང་། ང་ཚོས་ཁ་ཆེའི་ཆོས་གྲོགས་ཚོ་དང་རྒྱ་གར་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོས་གནས་ཚུལ་གསལ་རྟོགས་དང་སྤྱི་ཚོགས་བརྟན་ལྷིང་བསྐྲུན་རྒྱུར་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎