སྦང་ལ་རྡེ་ཤི་ནང་འབར་མའི་ཁ་ཆེའི་སྐྱབས་བཅོལ་མི་རིགས་སྐོར།

སྦང་ལ་རྡེ་ཤི་ཡུལ་གྱིས་འབར་མའི་ཁ་ཆེའི་སྐྱབས་བཅོལ་མི་རིགས་ཐོག་རྡུང་རྡེག་བཏང་ཡོད་པ་སྨན་པའི་ཚོགས་པ་ཞིག་གིས་གསུངས་ཡོད་པ་རེད་

2010.02.18

༄༅༎སྦང་ལ་རྡེ་ཤི་ཡུལ་གྱིས་འབར་མའི་ཁ་ཆེའི་རོ་ཧིན་གྱ་སྐྱབས་བཅོལ་མི་རིགས་ཐོག་རྡུང་རྡེག་བཏང་ཡོད་པ་ཕིརན་སིའི་རྒྱལ་མཚམས་མེད་པའི་སྨན་པ་ཞེས་པའི་ཚོགས་པ་དེས་གསུངས་ཡོད་པ་རེད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ནང་དྲག་གནོན་ཆེ་ཤོས་ཕོག་པའི་གྲངས་ཉུང་མི་རིགས་ཤིག་ལ་ངོས་འཛིན་གནང་བའི་ཁ་ཆེའི་རོ་ཧིན་གྱ་མི་རིགས་སྟོང་ཕྲག་མང་པོ་ཞིག་ལོ་ལྟར་འབར་མའི་ཡུལ་ནས་སྦང་ལ་རྡེ་ཤི་ནང་བྲོས་བྱོལ་དུ་ཡོང་གི་ཡོད་པ་རེད་

རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་སྨན་པའི་ཚོགས་པ་Medecins Sans Frontieresཞེས་པའི་ཚོགས་པ་དེས་གོང་ཞུས་རོ་ཧིང་གྱ་ སྐྱབས་བཅོལ་བ་གྲངས་༢༢༠༠༠༠སྐོར་ཞིག་སྐྱབས་བཅོལ་བ་ཡིན་པའི་དེབ་སྐྱེལ་བྱས་མེད་ལྟབས་ཁོང་ཚོར་སྦང་ལ་རྡེ་ཤི་སྲུང་སྐྱོབ་མི་སྣས་དྲག་གནོན་དང་མང་པོ་ཞིག་ལས་ཀ་བྱེད་མི་ཆོག་པ་མ་ཟད་སྐྱབས་བཅོལ་བའི་འཚོ་སྣོན་ཡང་ཐོབ་ཐང་མེད་སྟབས་ལྟོགས་ཤི་ཐེབས་པའི་ཉེན་ཁ་ཡོད་སྐོར་གསུང་འདུག གོང་ཞུས་རྒྱལ་སྤྱིའི་སྨན་པའི་ཚོགས་པ་དེས་སྐྱབས་བཅོལ་བ་དེ་དག་ཐོག་དྲག་གནོན་ཕོག་པའི་དབང་གིས་ཁོང་ཚོ་མང་པོ་ཞིག་རང་དབང་མེད་པར་སྐྱབས་བཅོལ་བའི་སྡོད་གནས་ནས་བྲོས་བྱོལ་དུ་འགྲོ་དགོས་ཆགས་ཡོད་སྐོར་གསུང་འདུག            སྦང་ལ་རྡེ་ཤི་ཡུལ་གྱིས་རོ་ཧིང་གྱ་སྐྱབས་བཅོལ་བ་གྲངས་༢༨༠༠༠ལས་ཁས་ལེན་གནང་གི་མེད་ཅིང་གྲངས་འབོར་དེ་ནི་སྐྱབས་བཅོལ་བ་གྲངས་ ༢༢༠༠༠༠སྐོར་ཞིག་ཡོད་པའི་ཁོངས་ནས་ཟུར་ཆ་གཅིག་ལས་ཆགས་ཀྱི་མེད་པ་རེད་ བདུན་སྔོན་མ་དེར་ཡོ་རོབ་སྤྱི་མཐུན་གྱིས་སྦང་ལ་རྡེ་ཤི་གཞུང་ཕྱོགས་ནས་གོང་ཞུས་འབར་མའི་ཁ་ཆེའི་སྐྱབས་བཅོལ་བ་དེ་དག་སྐྱབས་བཅོལ་བ་ཡིན་པའི་ངོས་ལེན་དང་ཁོང་ཚོར་སྐྱོབས་གསོའི་རོགས་རམ་གནང་དགོས་པའི་གྲོས་ཆོད་ཅིག་བཞག་གནང་བའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎