འབར་མའི་ཆབ་སྲིད་ཀྱི་དཀའ་རྙོག་ངོ་རྒོལ་ཁྲོད་ད་བར་མི་གྲངས་ཉི་ཤུ་ལྷག་གི་ཚེ་སྲོག་ཤོར།

2021.03.03
འབར་མའི་ཆབ་སྲིད་ཀྱི་དཀའ་རྙོག་ངོ་རྒོལ་ཁྲོད་ད་བར་མི་གྲངས་ཉི་ཤུ་ལྷག་གི་ཚེ་སྲོག་ཤོར། འབར་མའམ་མ་ཡན་མར་དྲག་པོའི་གཞུང་ལ་ངོ་རྒོལ་སྐབས། ༠༢།༠༢།༢༡
RFA

འབར་མའམ་མ་ཡན་མར་དམག་ཤོག་སྒྲིག་འཛུགས་ཀྱི་དྲག་པོའི་སྲིད་གཞུང་གི་ཉེན་རྟོག་དམག་མིས་ངོ་རྒོལ་བའི་ཐོག་འགྱིག་མདེའུ་མེ་མདའ་སོགས་རྒྱབ་ནས་མང་པོ་ཤི་རྨས་དང་འཛིན་བཟུང་བྱས་འདུག
དེ་ཡང་རོཡེཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༣ཉིན་འབར་མའམ་མ་ཡན་མར་ཡུལ་གྱི་(Yangon)དང་(Mandalay) གཙོ་བོར་གྱུར་པའི་གྲོང་ཁྱེར་ཆེ་ཁག་ནང་། མི་མང་གིས་དྲག་པོའི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། བདེ་འཇགས་ཉེན་རྟོག་དམག་མིས་ངོ་རྒོལ་བའི་ཐོག་འགྱིག་གི་མདེའུ་ཡོད་པའི་མེ་མདའ་རྒྱབ་ནས་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ས་གནས་ཁ་ཤས་སུ་མདེའུ་ངོ་མ་བེད་སྤྱོད་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་འདུག ཡང་(Yangon)གྲོང་ཁྱེར་ནང་། ཉེན་རྟོག་པས་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱ་མཁན་མི་གྲངས་༤༠༠ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ནང་ངོ་རྒོལ་ལས་འགུལ་བའི་འགོ་ཁྲིད་ཁ་ཤས་ཀྱང་ཡོད་ལུགས་ལས་འགུལ་བ་ཞིག་གིས་བཤད་འདུག
མ་ཡན་མར་གྱི་དྲག་པོའི་དམག་མིའི་གཞུང་གི་མགྲིན་ཚབ་པར་རོཡེཊར་གསར་ལས་ཁང་གིས་ཁ་པར་ཐོག་གནས་ཚུལ་འདྲི་རྩད་བྱ་ཐབས་བྱས་ཀྱང་། མགྲིན་ཚབ་པས་ལན་འདེབས་གང་ཡང་བྱས་མི་འདུག ངོ་རྒོལ་ལས་འགུལ་བ་(Salai Lian)ཞུ་བས། ང་ཚོའི་དམིགས་ཡུལ་ནི་མ་ཡན་མར་རྒྱལ་ཁབ་ནང་ ཡུལ་མི་སུ་ཞིག་གིས་ཀྱང་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ལ་འདོད་པ་དང་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དེ་གསལ་སྟོན་བྱ་ཆེད་ཡིན་ཞེས་བརྗོད་འདུག
འདི་ཚེས་༢རེས་གཟའ་མིག་མར་ཉིན་དྲ་ལམ་བརྒྱུད། ལྷོ་ཤར་ཨེ་ཤེ་ཡའི་ཕྱི་འབྲེལ་བློན་ཆེན་རྣམ་པས་འབར་མའམ་མ་ཡན་མར་ནང་། ཟླ་བ་གཅིག་ལྷག་རིང་གཉན་འཕྲང་ཆེ་བའི་ཆབ་སྲིད་ཀྱི་དཀའ་རྙོག་མཇུག་སྒྲིལ་ཡོང་ཐབས་སུ། ལྷན་ཚོགས་གནང་ནས། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་རྣམ་པས་མ་ཡན་མར་གྱི་དྲག་པོའི་དམག་མིར་ལྕམ་ཨང་སན་སཱུ་ཆི་(Aung San Suu Kyi)གློད་གྲོལ་གཏོང་དགོས་པ་དང་། མང་གཙོའི་གཞུང་བསྐྱར་གསོ་བྱ་དགོས་པའི་གནོན་ཤུགས་སྤྲད་ཀྱང་མཇུག་འབྲས་དེ་ཙམ་སོན་མེད་པ་རེད་འདུག

7ac31dfc-ad31-4ef2-8997-a0abdcd7bce8.jpeg

འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་༡ཉིན། མ་ཡན་མར་ཡུལ་གྱི་དམག་ཤོག་སྒྲིག་འཛུགས་ཀྱིས་ཡུལ་དེའི་མང་གཙོའི་སྲིད་དབང་བཙན་འཕྲོག་བྱས་རྗེས། མི་མང་གིས་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བའི་ཁྲོད། ད་བར་ཉུང་མཐར་མི་གྲངས་༢༡ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎