འབར་མའི་དྲག་པོའི་གཞུང་གི་དམག་དཔོན་དགོངས་ཞུ་བྱས།

འབར་མའི་དྲག་པོའི་གཞུང་གི་དམག་དཔོན་གྱིས་ལས་་གནས་ནས་དགོངས་ཞུ་བྱས་ནས་དབང་ཆ་ཡུལ་གྱི་གཞུང་གསར་པར་རྩིས་སྤྲོད་བྱས་འདུག

2011.04.04

༄༅༎འབར་མའི་དྲག་པོའི་གཞུང་གི་དམག་དཔོན་ཐན་ཤ་ལྦེ་ཡུལ་གྱི་འགོ་འཁྲིད་ཀྱི་གོ་གནས་ལོ་ངོ་༢༠ཙམ་ཞིག་ཟིན་པའི་རྗེས་ལས་གནས་ནས་དགོངས་ཞུ་བྱས་ནས་དབང་ཆ་ཡུལ་གྱི་གཞུང་གསར་པར་རྩིས་སྤྲོད་བྱས་ཡོད་པ་རེད་

དམག་སྤྱི་ཐན་ཤ་ལྦེ་ཡིས་བདུན་སྔོན་མ་དེར་ཡུལ་གྱི་དྲག་པོའི་གཞུང་དེ་ཕྱིར་བཤོལ་བྱས་ནས་སྔ་ལོ་ཕྱི་ཟླ་༡༡ནང་འོས་བསྡུ་བྱས་པའི་གཞུང་གསར་པ་དེར་རྩིས་སྤྲོད་བྱས་ཡོད་པ་རེད་ འབར་མའི་གཞུང་གསར་པའི་དཔོན་རིགས་ཤིག་གིས་དམག་སྤྱི་ཐན་ཤ་ལྦེ་དང་དམག་སྤྱི་གཞོན་པ་མོང་ཨའེ་གཉིས་ཕྱི་ཟླ་༣པའི་ཚེས་༣༠ཉིན་གཞུང་གི་ལས་གནས་ནས་དགོངས་ཞུ་གནང་ནས་དབང་ཆ་ཡུལ་གྱི་གཞུང་གསར་པར་རྩིས་སྤྲོད་བྱས་པའི་རྗེས་རྒས་ཡོལ་གྱི་གནས་བབ་འོག་ཡོད་པ་དང་ཁོང་གཉིས་ཡུལ་གྱི་རྒྱལ་ས་གསར་པ་ནེ་པི་ཌོ་ནང་གནས་སྡོདགནང་གི་ཡོད་པ་དང་ཁོང་གཉིས་ཀྱི་མ་འོང་པའི་ལས་འཆར་ཇི་ཡིན་ཤེས་རྟོག་མེད་སྐོར་བརྗོད་འདུག

ཡང་འབར་མའི་གཞུང་གི་ལས་བྱེད་པ་གཞན་ཞིག་གིས་དམག་དཔོན་གཉིས་རྒས་ཡོལ་གྱི་གནས་བབས་འོག་ཡོད་ནའང་སྐབས་འགར་ཁོང་གཉིས་ཀྱིས་གཞུང་གསར་པར་སློབ་སྟོན་འབུལ་གནང་གི་རེད་ཅེས་གསུང་འདུག དམག་སྤྱི་ཐན་ཤ་ལྦེ་ཡི་ཉེ་འབྲེལ་དང་སྲིད་བློན་ཟུར་པ་ཐེ་ཨིན་སེན་གྱིས་བདུན་སྔོན་མའི་རེས་གཟའ་ལྷག་པ་ཉིན་ཡུལ་གྱི་གཞུང་གསར་པའི་སྲིད་འཛིན་གྱི་ལས་གནས་འཛིན་ཡོད་པ་རེད་            ཁོང་ནི་དེ་སྔོན་དམག་དཔོན་ཞིག་ཡིན་པ་དང་སྔ་ལོ་ཕྱི་ཟླ་༡༡ནང་ཡུལ་གྱི་རྒྱལ་ཡོངས་ཀྱི་འོས་བསྡུའི་ནང་དམག་དཔོན་མང་པོ་ཞིག་འོས་བསྡུའི་ནང་འཛུལ་ཞུགས་བྱེད་མཁན་ཁོངས་ནས་གཅིག་ཡིན་པ་རེད་ ཡུལ་གྱི་གཞུང་གསར་པའི་ནང་ཁོང་འདྲ་བའི་དམག་དཔོན་མང་པོ་ཡོད་པ་མ་ཟད་མང་པོ་ཞིག་དེ་སྔའི་དྲག་པོའི་གཞུང་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པ་རེད་ ཡུལ་གྱི་རྒྱལ་ཡོངས་འོས་བསྡུ་དེར་དམངས་གཙོའི་དབུ་འཁྲིད་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་ལྕམ་ཨང་སན་སུ་ཆི་མཆོག་གི་དམངས་གཙོ་མནའ་འབྲེལ་ཚོགས་པ་འོས་བསྡུ་དེ་དྲང་བདེན་ཡོང་བཟོ་མེད་པའི་སྐྱོན་བརྗོད་འོག་ཞུགས་གནང་མེད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎