ཨི་རན་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་ཉེན་བརྡ།

ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་དབུ་འཁྲིད་རྣམ་པས་ཨི་རན་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག།

2008.06.11

༄༅༎ཨ་རི་དང་ཡུ་རོབ་གཉིས་ནས་ཨི་རན་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་སྐབས་གནད་དོན་མང་པོ་ཞིག་ཐོག་གླེང་མོལ་གནང་ཡོད་པའི་ཁོངས་སུ་གཙོའི་གྲས་སུ་ཨི་རན་ནས་རྡུལ་ཕྲན་ནུས་ཤུགས་རྒྱ་བསྐྱེད་མུ་མཐུད་གཏོང་གི་ཡོད་པའི་སྐོར་བགྲོ་གླེང་བྱུང་ཡོད་པ་ལྟར་དེ་རིང་ཨ་རིའི་སྲིད་འཛིན་སྦུ་ཤི་མཆོག་གིས། ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་རྒྱ་བསྐྱེད་གཏོང་བཞིན་པ་དེས་འཛམ་གླིང་གི་ཞི་བདེའི་ཐོག་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་ཅེས་གསུངས་པས་མ་ཟད་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཐུན་མོང་གི་ཐོག་ནས་གལ་སྲིད་ཨི་རན་ངོས་ནས་རྡུལ་ཕྲན་ནུས་ཤུགས་རྒྱ་བསྐྱེད་གཏོང་རྒྱུ་མཚམས་འཇོག་མ་བྱས་པ་ཡིན་ན་དཔལ་འབྱོར་གྱི་ཉེས་ཆད་གསར་པ་འགེལ་སྲིད་པའི་ཉེན་བརྡ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད༎ འོན་ཀྱང་དེའི་ལན་དུ་ཨི་རན་གྱི་སྲིད་འཛིན་ནས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ནས་གསུངས་བཤད་ཅིག་གནང་བའི་ནང་། དཀོན་མཆོག་གི་ཐུགས་རྗེས་གཟིགས་ནས་ད་ཆ་སྦུ་ཤི་སྲིད་སྐྱོང་གི་དུས་ཚོད་རྫོགས་གྲབས་ཡོད་རེད། ང་ཚོའི་དགྲ་བོ་ཚོས་ཨི་རན་ལ་གནོན་ཤུགས་སྤྲད་པའི་ཐོག་ནས་རྒྱལ་ཁབ་གཏོར་བཤིག་གཏོང་རྒྱུའི་བསམ་བློ་བཅངས་བཞིན་པ་དེ་ནི་ནོར་འཁྲུལ་རེད། ཁྱེད་ཚོས་ང་ཚོའི་རྒྱལ་ཁབ་ཀྱི་ས་ཆའི་ཕྲ་མོ་ཙམ་ལའང་གནོད་སྐྱོན་གཏོང་ཐུབ་ཀྱི་མ་རེད་ཅེས་ཨ་རི་དང་ཡུ་རོབ་ཡུལ་གྲུ་ཁག་ལ་ཁ་རྡུང་བཏང་ཡོད་པ་རེད།

ཨ་རིའི་སྲིད་འཛིན་སྦུ་ཤི་མཆོག་ནས་དེ་སྔ་ཡང་ཨི་རན་ལ་ཉེན་བརྡ་བཏང་གནང་ཡོད་ཀྱང་དེར་ཨི་རན་ངོས་ནས་ཁ་གཏད་བཅོག་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ལུགས་གཏམ་བཤད་ཀྱི་ཐོག་ནས་ལན་འདེབས་རྒྱབ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎