ཀེ་ལི་ཕོར་ནི་ཡའི་གྲོས་ཚོགས་ནས་བོད་ཀྱི་གྲོས་ཆོད་ཕྱིར་འགྱངས།

ཨ་རིའི་ཀེ་ལི་ཕོར་ནི་ཡའི་མངའ་སྡེའི་གྲོས་ཚོགས་ནང་ན་ནིང་བོད་དོན་སྐོར་གྲོས་ཆོད་བཞག་གནང་ཡོད་པ་དེ་ད་ཆ་ཕྱིར་འགྱངས་གནང་ཡོད་པ།

2009.03.17

༄༅༎ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གསར་ཤོག་རྡ་མར་ཁྱུ་རི་ནིའུ་སི་ཞེས་པས་ཚེས་བཅུ་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཡ་རབས་བཟང་སྤྱོད་དང་ཆོས་ཕྱོགས་ཀྱི་ཐུགས་འགན་རླབས་ཆེན་བཞེས་རྒྱུར་ཕུལ་བྱུང་མཛད་འཕྲིན་བསྐྱངས་པར་བསྔགས་བརྗོད་ཞུ་རྒྱུ་དང་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་ལྔ་བཅུ་པ་དང་ཕྱི་ཟླ་གསུམ་པའི་ཚེས་བཅུའི་ཉི་མོ་དེ་བཞིན་བོད་ཀྱི་གནས་ཚུལ་ཤེས་རྟོགས་ཉི་མོ་ཞེས་སྲུང་བརྩི་ཞུ་ཕྱིར་ཀེ་ལི་ཕོར་ནི་ཡའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་སེམ་སྦེ་ལེཀ་སི་ལི་ཡིས་མངའ་སྡེའི་གྲོས་ཚོགས་ནང་གྲོས་ཆོད་ཞིག་འཇོག་གནང་ཡོད་པ་རེད། ན་ནིང་ལོར་ཡང་མངའ་སྡེའི་གྲོས་ཚོགས་ཁོངས་ཀྱི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་ཚོགས་མི་ཐུན་མོང་གིས་༸གོང་ས་མཆོག་གི་ཕུལ་བྱུང་རླབས་ཆེན་གྱི་མཛད་འཛིན་ལ་ཆེ་བསྟོད་ཞུ་རྒྱུས་གཙོས་པས་སུམ་ཅུའི་དུས་དྲན་དེ་བཞིན་བོད་ཀྱི་ཉི་མོར་ངོས་འཛིན་ཞུ་རྒྱུའི་གྲོས་ཆོད་བཞག་གནང་ཡོད་པ་རེད། འོན་ཀྱང་སྐབས་འདིར་རྒྱ་ནག་གིས་མངའ་སྡེའི་གྲོས་ཚོགས་ཐོག་ལ་གནོན་ཤུགས་སྤྲད་པའི་ཉེར་ལེན་ལ་བརྟེན་ནས་མངའ་སྡེའི་གྲོས་ཚོགས་ཁོངས་ཀྱི་དམངས་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་བོད་ཀྱི་གནད་དོན་དེ་བཞིན་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཀྱིས་གནང་ན་འཐུས་ཀྱི་རེད་སོགས་བརྗོད་དེ་མདོར་ན་གྲོས་ཆོད་དེར་རྒྱབ་སྐྱོར་ཞུ་དང་ཞུ་མིན་མཐའ་མའི་ཐག་གཅོད་གྲོས་ཚོགས་ཀྱི་སྒྲིགས་གཞིའི་ཚོགས་ཆུང་གིས་གནང་རྒྱུར་མང་མོས་འོས་ཤོག་འཕེན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎