ཀམ་སྦོ་ཌི་ཡའི་སྲོལ་རྒྱུན་གྱི་བརྩེ་གདུང་མཚོན་པའི་གྲུང་ཞིག་སྐོར།

ཀམ་སྦོ་ཌི་ཡ་ནང་སྲོལ་རྒྱུན་གྱི་བརྩེ་གདུང་མཚོན་པའི་གྲུང་ཞིག་དེང་དུས་ཀྱི་གཞན་དང་ཞབས་བྲོའི་རྣམ་པའི་ཐོག་ནས་ཟློས་གར་ཁང་ནང་བཏོན་པ།

2009.01.02

༄༅༎ཀམ་སྦོ་ཌི་ཡ་ནང་ཉེ་བའི་ཆར་ཡུལ་དེའི་ནང་སྲོལ་རྒྱུན་གྱི་བརྩེ་གདུང་མཚོན་པའི་གྲུང་ཞིག་དེང་དུས་ཀྱི་གཞན་དང་ཞབས་བྲོའི་རྣམ་པའི་ཐོག་ནས་ཟློས་གར་ཁང་ནང་ཐོག་མར་བཏོན་ཡོད་ཅིང་དེའི་ཐོག་ཡུལ་དེའི་ནང་ཡོད་པའི་ནང་པའི་མཐུན་ཚོགས་ཀྱིས་ཀམ་སྦོ་ཌི་ཡའི་གཞུང་དང་དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡོངས་ཁྱབ་ཡི་གེ་བཏང་ནས་ཟློས་གར་དེ་རིགས་བཀག་སྡོམ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་འབྲེལ་ཟློས་གར་དེ་རིགས་ཀྱིས་ཀམ་སྦོ་ཌི་ཡའི་ནང་ཡོད་པའི་ནང་པའི་དགེ་འདུན་པ་ཁྲི་སྟོང་མང་པོའི་རིན་ཐང་དང་ཡིད་ཆེས་དྲང་བདེན་ལ་གནོད་ཚབས་ཕོག་གི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། གོང་ཞུས་ཟློས་གར་དེའི་ནང་གི་ལོ་རྒྱུས་གཙོ་བོ་ནི་ཀམ་སྦོ་ཌི་ཡ་དེ་བཞིན་དམར་ཤོག་གི་དབང་འདིན་བྱེད་ཡས་མཚམས་འཇོག་བྱུང་བའི་རྗེས་ཡུལ་དེ་ནས་བྲོས་བྱོལ་དུ་ཕེབས་པའི་དགེ་འདུན་པ་ཞིག་བསྐྱར་དུ་རང་ཡུལ་དུ་ཕྱིར་ལོག་ཕེབས་ནས་ཡུལ་དེའི་ནང་དེང་དུས་ཀྱི་གཞས་གཏོང་མཁན་གཞས་མ་ཞིག་དང་བརྩེ་གདུང་ཆགས་པའི་སྐོར་གྱི་གྲུང་ཞིག་ཡིན་པ་རེད༎ ཟློས་གར་དེ་གཟའ་འཁོར་སྔོན་མ་ཀམ་སྦོ་ཌི་ཡའི་ས་གནས་བརྙན་འཕྲིན་བརྒྱུད་ལམ་ཐོག་ནས་བཏོན་ཡོད་པ་དང་དེའི་ནང་དོན་ཁག་ཅིག་ནང་པའི་ཆོས་ལུགས་དང་ཡོངས་སུ་རྒྱབ་འགལ་ཡིན་པའི་སྐོར་འབྲེལ་ཡོད་ལས་ཁང་ལ་སྐྱོན་བརྗོད་བྱེད་མཁན་ཤུགས་ཆེ་བྱུང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎