ཕྱི་འབྲེལ་དཔོན་རིགས་སོགས་ལ་བོད་དོན་ངོ་སྤྲོད།
2013.02.08
ཕྱི་ཟླ་༢ པའི་ཚེས་༦ ཉིན་ཁེ་ན་ཊའི་གྲོང་ཁྱེར་མོཎ་ཊརེལ་Montreal ནང་གི་ཁེ་ཎ་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཐུན་མོང་གིས་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་བའི་ཐོག ཕྱི་དྲིལ་བཀའ་བློན་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
ཕྱི་ཟླ་ ༡ ཚེས་ ༣༠ ཉིན་ཡུ་རོབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་ཇོན་པེ་ཊི་རིཀ་ཇིལ་ལགས་ཀྱིས་གཙོས་སྐུ་ཞབས་ནོ་ཨལ་མ་མེ་རི་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཟུར་པ་སྐུ་ཞབས་ཕི་ལི་པ་ ཕོ་ལི་ཨོ་ཊེ་ བཅས་དང་ལྷན་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། མ་འོངས་པའི་ལས་གཞི་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་འདུག