ཐེ་ལྦན་དང་རྒྱ་ནག་བར་ཚོང་དོན་ཆིངས་ཡིག།

ཚོང་དོན་གྲོས་མཐུན་དེས་རྒྱ་ནག་གཞུང་གིས་ཐེ་ལྦན་གྱི་ཐོག་སྲིད་དོན་གྱི་སྟངས་འཛིན་བྱེད་ཤུགས་ཆེ་རུ་འགྲོ་སྲིད་པའི་དགོངས་ཚུལ་ཡོད་པ་རེད།

2010.06.25

༄༅༎ཐེ་ལྦན་གཞུང་གིས་རིང་མིན་རྒྱ་ནག་དང་ཐེ་ལྦན་དབར་ཚོང་དོན་གྱི་གྲོས་མཐུན་ལ་ས་རྟགས་འགོད་རྒྱུ་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་མཚོན་རྟགས་ཤིག་ཡིན་ལུགས་གསུང་གི་ཡོད་པ་དང་ ཡིན་ནའི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་དང་ཐེ་ལྦན་དབར་ས་རྟོགས་འགོད་རྒྱུའི་ཚོང་དོན་གྲོས་མཐུན་དེས་ཐེ་ལྦན་གྱི་དཔལ་འབྱོར་གནས་སྟངས་ལ་ཕན་ཐོག་དེ་ཙམ་མེད་པར་ དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་གིས་ཐེ་ལྦན་གྱི་ཐོག་སྲིད་དོན་གྱི་སྟངས་འཛིན་བྱེད་ཤུགས་ཆེ་རུ་འགྲོ་སྲིད་པའི་དགོངས་ཚུལ་གསུང་གི་ཡོད་པ་རེད་

རྒྱ་ནག་དང་ཐེ་ལྦན་དབར་གཟའ་འཁོར་རྗེས་མའི་གཟའ་མིག་དམར་ཉིན་གྲོས་མཐུན་དེར་དངོས་སུ་ས་རྟགས་བཀོད་ཀྱི་ཡོད་པ་དང་ཐེ་ལྦན་གྱི་རྒྱ་ནག་དང་འབྲེལ་འཐུད་བྱེད་མཁན་ཚན་པའི་དཔོན་རིགས་གྲང་ཕིན་ཀུང་གིས་ཐེ་ལྦན་དང་རྒྱ་ནག་དབར་ཚོང་དོན་གྱི་གྲོས་མཐུན་ལ་ས་རྟགས་བཀོད་རྒྱུ་དེ་ནི་ཕྱོགས་གཉིས་དབར་དཔལ་འབྱོར་དང་ཚོང་དོན་འབྲེལ་ལམ་ཐད་གོམ་སྟབས་གསར་པ་ཞིག་སྤོ་ཐུབ་རྒྱུ་ཡིན་པའི་སྐོར་གསུང་འདུག

ཐེ་ལྦན་དང་རྒྱ་ནག་དབར་རིང་མིན་ས་རྟགས་འགོད་རྒྱུའི་གྲོས་མཐུན་དེ་ནི་ཕྱོགས་གཉིས་དབར་འདས་པའི་ལོ་ངོ་དྲུག་བཅུའི་རིང་ཚོང་དོན་དང་དཔལ་འབྱོར་གྱི་འབྲེལ་ལམ་ཞི་རྒྱ་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པ་དང་ དེ་ཡང་ཐེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་དབུ་ཁྲིད་པའི་གོ་མིན་ཏང་ཚོགས་པས་ཐེ་ལྦན་གྱི་དཔལ་འབྱོར་གནས་སྟངས་རྒྱུན་རིང་ནས་བཟང་ཕྱོགས་སུ་བསྐྱོད་རྒྱུའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་ཐེ་ལྦན་རྒྱལ་ཡོངས་སློབ་གྲ་ཆེན་མོའི་རྒྱ་ནག་གི་གནད་དོན་ཉམས་ཞིབ་ཁང་གི་དཔལ་འབྱོར་རིག་པ་བ་ཕི་ལིབ་སུའུ་ཡིས་གསུང་བཞག

ཐེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐེ་ལྦན་གྱི་དཔལ་འབྱོར་གནས་སྟངས་སླར་གསོ་ཡོང་རྒྱུར་གལ་འགངས་ཆེ་ཤོས་ཤིག་ནི་རྒྱ་ནག་སྐམ་ས་ཆེན་མོ་དང་དཔལ་འབྱོར་ཚོང་དོན་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པར་ངོས་འཛིན་གནང་ཏེ་ཁོང་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་དང་ཐེ་ལྦན་དབར་དཔལ་འབྱོར་དང་ཚོང་དོན་གྱི་འབྲེལ་ལམ་ཟབ་མོ་འཛིན་ནས་རྒྱ་ནག་དང་ཐེ་ལྦན་ཁག་གྱེས་ཕྱིན་པའི་རྗེས་ཀྱི་ལོ་ངོ་དྲུག་བཅུའི་ནང་ཕྱོགས་གཉིས་དབར་འབྲེལ་ལམ་བཟང་ཤོས་ཀྱི་དུས་སྐབས་ཤིག་སྐྲུན་ཡོད་ཅིང་ ཡིན་ན་ཡང་ཐེ་ལྦན་ནང་ཕྱོགས་འགལ་ཚོགས་པ་དང་ལྷག་པར་དུ་གཞོན་སྐྱེས་མང་པོས་རྒྱ་ནག་དང་ཐེ་ལྦན་དབར་དཔལ་འབྱོར་དང་ཚོང་དོན་གྱི་འབྲེལ་ལམ་ཤུགས་ཆེན་པོ་བྱ་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་འཛིན་གྱི་ཡོད་པ་མ་ཟད་ ལྷག་པར་དུ་ད་རེས་ཕྱོགས་གཉིས་དབར་ཚོང་དོན་གྱི་ཆིངས་ཡིག་ལ་ས་རྟགས་འགོད་རྒྱུ་དེས་ཐེ་ལྦན་གྱི་རང་དབང་ལྡན་པའི་དཔལ་འབྱོར་གྱི་སྒྲོམ་གཞིར་རྒྱ་ནག་གིས་མ་འོངས་ཐེ་བྱུས་བྱ་སྲིད་པའི་ཁར་ཐ་ན་ཐེ་ལྦན་གྱི་བདག་དབང་གནད་དོན་ཐོག་ལ་ཡང་རྒྱ་ནག་གི་ཐེ་བྱུས་བྱ་རྒྱུའི་གནས་སྟངས་ཆགས་རྒྱུ་ཡིན་པའི་ཉེན་རྡ་བཏང་ནས་ཚོང་དོན་གྱི་ཆིངས་ཡིག་འཇོགརྒྱུར་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎