རང་སྲེག་ལས་འགུལ་ཕྱི་ནས་བརྒྱུད་སྐུལ་བྱས་ཟེར།

བོད་ནང་བོད་མིས་རང་ལུས་མེར་སྲེག་བཏང་བ་འདི་ཕྱི་ཕྱོགས་ནས་བརྒྱུད་སྐུལ་བྱས་པ་ཞིག་ཡིན་པ་དང་། རྣོ་བསམ་མེད་པའི་བོད་མིས་རང་ལུས་མེར་སྲེག་བཏང་སྟེ། རྨས་སྐྱོན་ཕོག་པ་ཁག་ད་ཆ་འགྱོད་པ་དྲག་པོ་སྐྱེད་བཞིན་ཡོད་ལུགས་བཤད་འདུག

2013.02.08
རང་སྲེག་ལས་འགུལ་ཕྱི་ནས་བརྒྱུད་སྐུལ་བྱས་ཟེར། རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན།
རྒྱ་ནག་གི་གཞུང་འབྲེལ་དྲ་བརྙན།

༄༅།    །རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན་ལས་ཁང་CCTV གིས་བོད་ཀྱི་གནད་དོན་གླེང་བ་ཞེས་པའི་སྐར་མ་༢༥ འི་ དྲིལ་བསྒྲགས་ཀྱི་ལེ་ཚན་ཁོངས། ཕྱི་ཚེས་༤་ཉིན་རྒྱང་བསྒྲགས་བྱས་པའི་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་གླེང་བའི་ལེ་ཚན་འདིའི་ནང་ སྔར་ལོའི་ལོ་མཇུག་ཕྱི་ཟླ་༡༢པའི་ཚེས་༢ ཉིན་རང་ལུས་མེར་སྲེག་གི་དོན་རྐྱེན་རྗེས་རྨས་སྐྱོན་ཚབས་ཆེ་ཕོག་པ་གཟུང་འདུས་སྐྱབས་ལགས་སུ་ཀན་སུའུ་ཞིང་ཆེན་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་པའི་སྐབས་བཅར་འདྲི་བྱས་པའི་གནས་ཚུལ་ཞིག་འདོན་སྤེལ་བྱས་ཡོད་ཅིང་། དེའི་ནང་གཟུང་འདུས་སྐྱབས་ལགས་ཀྱིས་ཁོང་ལ་ཐོག་མར་རང་ཉིད་དཔའ་བོ་ཡིན་པ་ལྟ་བུའི་ཚོར་བ་བྱུང་བ་དང་། རྗེས་སུ་ལྐུག་རྟགས་རེད་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད་ལུགས་དྲིལ་བསྒྲགས་བྱས་ཡོད་པ་རེད།
ཡང་ལེ་ཚན་ད་གའི་ནང་ གཙོད་དགོན་པའི་ཉེ་འཁྲིས་རང་ལུས་མེར་སྲེག་གཏོང་མཁན་རང་ལོ་༢༦ཡིན་པའི་སྒྲོལ་དཀར་མཚོ་ལགས་རང་ལུས་མེར་སྲེག་གཏོང་དགོས་པ་འདི་ཁོ་མོའི་རྐང་པ་གཡོན་མ་ཐང་ཐང་མེད་པ་དང་། ཕས་ཁོ་མོ་རང་གི་ཤ་ཁྲག་གི་བོུ་མིན་པའི་དོིགས་པ་བྱེད་ཀྱི་ཡོད་པ་བཅས་ཀྱི་རྒྱུ་མཚན་དེ་དག་ལ་བརྟེན། ཁོ་མོའི་ཕས་སྒྲོལ་དཀར་མཚོ་ལགས་སུ་རང་ལུས་མེར་སྲེག་གཏོང་དགོས་པ་དང་། རང་ལུས་མེ་སྲེག་གཏོང་མཁན་ཚོ་དཔའ་པོ་དང་དཔའ་མོ་ཡིན་པ་དང་། ༧གོང་ས་མཆོག་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོར་ཚེ་རབས་རྗེས་འཛིན་གྱི་ཐུགས་སྨོན་གནང་རྒྱུ་ཡིན་པ་སོགས་ཀྱི་ངན་བསླབ་བྱས་པའི་རྐྱེན་གྱིས་སྒྲོལ་དཀར་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད་ལུགས་སོགས་ཀྱི་འཁྱོག་བཤད་ཤུགས་ཆེ་བྱས་ཡོད་པ་རེད།    
ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་ཁ་ས་རེས་གཟའ་ཕུར་བུའི་ཉིན་གནས་ཚུལ་སྤེལ་སྤེལ་གསལ་ལྟར་ན།    རྒྱ་ནག་གཞུང་གིས་མདོ་སྨད་མཚོ་སྔོན་ཁུལ་དུ་རང་ལུས་མེར་སྲེག་གཏོང་རྒྱུར་སྐུལ་སློང་དང་རང་ལུས་མེར་སྲེག་བཏང་མཁན་གྱི་འདྲ་དཔར་དང་ལོ་རྒྱུས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱས་པ་སོགས་ནག་ཉེས་ཁ་གཡོག་གིས་བོད་མི་༧༠ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ནང་བོད་མི་༡༢་ལ་དངོས་སུ་ཁྲིམས་བཅད་བཏང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎