རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོ་སྲུང་བརྩི།


2019.09.11
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོ་སྲུང་བརྩི། 2019/9/11 རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོ་སྲུང་བརྩི། 2019/9/11
TTV

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོ་སྲུང་བརྩི་ཞུ་ཞོར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དྲུག་པ་ཚོགས་བཞིན་པ་རེད།
སྤྱི་ཟླ་༩་པའི་སྤྱི་ཚེས་༡༡་ཉིན་མོ་སྟེ། བོད་ཀྱི་གསོ་བོ་རིག་པའི་ལྷན་ཚོགས་ནས་གསོ་བ་རིག་པའི་ཉིན་མོ་ཞེས་གཏན་འབེབས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཁང་དུ་གསོ་བ་རིག་པའི་ཉིན་མོ་ཞེས་ཐེངས་དང་པོ་སྲུང་བརྩི་དང་།    བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དྲུག་པ་ཡང་ཚོགས་ཡོད་པ་རེད།
གསོ་བ་རིག་པའི་ཉིན་མོ་ཞེས་གཞུང་འབྲེལ་གྱི་ཐོག་ནས་དམིགས་བསལ་གྱིས་སྲུང་བརྩི་ཞུ་དགོས་པའི་རྒྱུ་མཚན་ནི། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་རྗེས། བོད་ཀྱི་ཆབ་སྲིད་ལ་འགྱུར་བ་ཤུགས་ཆེན་ཐེབས་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་མི་རྣམས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། སྤྱི་༡༩༦༡་ལོའི་སྤྱི་ཟླ་༩་ཚེས་༡༡་ཉིན་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་མཆོག་དབུ་བཞུགས་ཐོག་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་སྨན་པ་རྣམས་ཚུད་པའི་གསོ་རིག་དང་འབྲེལ་ཡོད་མི་སྣ་སོགས་ལྷན་བཞུགས་ཀྱིས། བོད་ཀྱི་གསོ་བ་རིག་པ་དེ་ཉམས་པ་སླར་གསོ་དགོས་གལ་ཆེ་བའི་སྐོར་བཀའ་བསྡུར་དང་འཆར་གཞི་བཏིང་འགོ་བཙུགས་པའི་ཉིན་མོ་ཞིག་ཡིན་པར་བརྟེན། ཉིན་དེར་བོད་ཀྱི་གསོ་བ་རིག་པའི་ཉིན་མོ་ཞེས་སྲུང་བརྩིས་ཞུས་འགོ་འཛུགས་ཡོད་པ་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རག་རྡོ་བློ་བཟང་བསྟན་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ད་རེས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་དགོས་པའི་རྒྱུ་མཚན་ནི། ལྡི་ལི་སྟེ་རྒྱ་གར་རྒྱལ་ཡོངས་ཀྱི་ཆབ་སྲིད་དང་།  དཔལ་འབྱོར་སོགས་ཀྱི་ལྟེ་གནས་ཡིན་པ་མ་ཟད་། ཐེངས་དང་པོའི་གསོ་བ་རིག་པའི་ཉིན་མོའི་དབུ་འབྱེད་མཛད་སྒོར་རྒྱ་གར་སྲོལ་རྒྱུན་གྱི་སྨན་དང་གསོ་རིག་ལྷན་ཁང་ངམ་(Ministry of Ayush)་ཡི་དྲུང་འཕར་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་།  ཚོགས་གཞོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན། དེ་བཞིན་ཕྱི་ནང་གི་སྨན་པ་སོགས་ཁྱོན་མི་གྲངས་༡༠༠་ལྷག་ལྷན་འཛོམས་གནང་ཡོད་པ་རེད།
ཐེངས་འདིའི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དེ་བཞིན་ཟླ་བ་འདིའི་སྤྱི་ཚེས་༡༡་ཉིན་ནས་འགོ་འཛུགས་ཀྱིས་སྤྱི་ཚེས་༡༢་བར་ཉིན་གྲངས་༢་རིང་ལ་གསོ་བ་རིག་པའི་ལོ་རྒྱུས་དང་ལྟ་གྲུབ། གསོ་བ་རིག་པའི་བརྟག་ཐབས་སྨན་བཅོས། གསོ་བ་རིག་པའི་ཁྲིམས་སྒྲིག་ལག་བསྟར་སོགས་ཀྱི་སྐོར་གཏམ་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་པ་མ་ཟད། སྐབས་དེར་སྨན་བླའི་དཀྱིལ་འཁོར་དང་། གསོ་བ་རིག་པའི་འགྲེམས་སྟོན། རིན་མེད་ནད་པ་བརྟག་དཔྱད་གནང་གི་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎