ལེགས་གསོལ་དང་སློབ་ཡོན་ཐད་འཆར་གཞི་ཁག་དྲུག
2014.04.21
ཤེས་རིག་ལས་ཁུངས་ནས་འབད་བརྩོན་གྲུབ་འབྲས་ལ་ལེཊ་གསོལ་དང་སློབ་ཡོན་ཐད་འཆར་གཞི་ཁག་དྲུག་ཡོད་སྐོར་གསལ་བསྒྲཊ་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་ཤག་སྐབས་༡༤་པས་ཤེས་ཡོན་གལ་གནད་ཆེ་ཤོས་སུ་ངོས་འཛིན་གནང་པའི་ཐོག་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་སོ་སོའི་འབད་བརྩོན་གྱི་གྲུབ་འབྲས་ལ་ལེཌ་གསོལ་དང་། ཁྱིམ་ཚང་ཉམ་ཐག་གི་སློབ་ཕྲུག་རྣམས་ལ་དམིཊ་བསལ་སློབ་ཡོན་གནང་འཆར་སོཊ་ཀྱི་འཆར་གཞི་ཁག་དྲུག་བསྒྲཊ་གནང་ཡོད་པ་དང་། སློབ་ཡོན་འཆར་གཞི་དེ་དག་ནི་སྲིད་སྐྱོང་སློབ་ཡོན་དང་། སྲིད་སྐྱོང་གཟེངས་བསྟོད་ལེགས་གསོལ་བྱ་དགའ། ཕྱི་རྒྱལ་སྐད་ཡིག་སློབ་ཚན། དུས་ཐུང་ཆེད་ལས་སློབ་ཡོན། ཉམ་ཐག་སློབ་མར་སློབ་ཡོན་བཅས་ཡིན་ཞིང་། སྲིད་སྐྱོང་སློབ་ཡོན་དེ་ནི་བོད་མིའི་སྒྲིག་འཛུཊ་ཁྱབ་ཁོངས་སློབ་གྲ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུཊ་ཀྱི་ཕྱོཊ་བསྡོམས་བརྒྱ་ཆ་༩༥་ཡན་ལོན་པ་རྣམས་ནས་ཕྱི་ལོ་༢༠༡༤་སློབ་ཡོན་གསལ་བསྒྲཊ་སྔོན་སོང་ལྟར་འཚང་སྙན་དུས་ཐོག་འབུལ་དགོས་པ་དང་། སློབ་ཡོན་འདི་མུ་མཐུད་འཐོབ་པར་ཉེ་བའི་གཙུག་ལག་རབས་འབྱམས་པའི་ལོ་རིམ་དང་པོ་དང་། གཉིས་པ་སོ་སོར་ཡིག་རྒྱུགས་བརྒྱ་ཆ་༧༠་ཡན་ངེས་པར་དུ་ལེན་དགོས་ཀྱི་ཡོད་འདུག སྲིད་སྐྱོང་གཟེངས་བསྟོད་ནི་དབུས་བོད་མིའི་སྒྲིག་འཛུཊ་མ་ལག་གང་རུང་ནས་སློབ་ཡོན་སྦྱར་བ་དང་། བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ལ་སྒེར་ཁུངས་ནས་ཕྱི་ལོ་༢༠༡༣་ཟླ་༨་ནས་བཟུང་སྒྲིག་ཞུཊ་རིཊ་གཅིག་རྐང་འཛིན་Ph.Dསློབ་ཐོན་རྣམས་ལ་ཆེ་བསྟོད་ལག་འཁྱེར་དང་། ལེཊ་སྐྱེས་སྒོར་ཁྲི་གཉིས་གནང་རྒྱུ་ཡིན་སྟབས་ཕྱི་ལོ་༢༠༡༤་ལོའི་ཟླ་༨་ཚེས་༡༥་ནང་ཚུད་སྙན་འབུལ་མཉམ་གོང་གསལ་སློབ་ཚན་ཐོན་པའི་ལག་འཁྱེར་ངོ་བཤུས་བཅས་འབུལ་དགོས་ཡོད་འདུག ཡང་ལེཊ་གསོལ་བྱ་དགའ་ཐོབ་ཕྱིར་ཕྱི་ལོ་༢༠༡༣་ལོའི་སློབ་ཡོན་འཆར་གཞི་གསར་པའི་ཁོངས་སུ་མ་གཏོཊ་པའི་ཤེས་རིག་སློབ་ཡོན་གནང་བཞིན་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། གཙུག་ལག་རབ་འབྱམས་པའི་སློབ་མའི་ལོ་རེའི་ཡིག་རྒྱུགས་ལ་བརྒྱ་ཆ་༧༥་ལོན་པ་རྣམས་ལ་དེ་སྔ་སློབ་ཡོན་གཏན་འབེབས་ཇི་ཡོད་ཐོག་ལོ་དེར་སྒོར་ཁྲི་གཅིག་འཕར་མ་གནང་རྒྱུ་ཡིན་འདུག ཡང་དབུས་བོད་མིའི་སྒྲིག་འཛུཌ་ནས་ཞིབ་འཇུག་གིས་ཉམ་ཐག་སློབ་མ་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་༤༠་ལོན་པ་གང་ཞིག་མཐོ་སློབ་དང་། ལས་རིགས་སློབ་སྦྱོང་སོཊ་ནང་ཞུགས་བློ་ཡོད་ཚེ་དམིགས་བསལ་སློབ་ཡོན་གནང་རྒྱུ་ཡིན་རུང་སློབ་ཕྲུག་དེ་རྣམས་སྔོན་དུ་དང་སློབ་གནང་ངེས་པར་དུ་འཛུཌ་ཞུཊ་གནང་དགོས་ཀྱི་ཡོད་པ་སོཊ་ཀྱི་གནས་ཚུལ་སྤེལ་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།