བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་འཚབ་དང་ཐུགས་ཕམ།

བོད་པའི་བོུ་ཞིག་གིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་དེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་འཚབ་དང་ཐུགས་ཕམ།

2012.03.05

༄༅༎ཕྱི་ཚེས་༣དང་༤གཉིས་ལ་མདོ་སྨད་ཁུལ་ཕྲུ་གུ་བཞིའི་སྐྱེས་མ་དགུང་ལོ་༣༢བྱས་པ་ཞིག་དང༌། ཡང་ལོ་གྲངས་༢༠ལ་སླེབས་པའི་སློབ་མ་བོུ་ཞིག་གིས་བོད་རང་དབང་ཆེད་རང་ལུས་མེར་བསྲེག་བཏང་ནས་འདས་གྲོངས་ཕྱིན་པར་ དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་འཚབ་དང་ཐུགས་ཕམ་ཆེན་པོ་གནང་བཞག། ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་གོང་ཞུས་གནད་དོན་དེའི་ཐད་ཐུགས་ཕམ་ཆེན་པོ་གནང་འདུག།
ཕྱི་ཟླ་༣པའི་ཚེས་༣ཉིན་མདོ་སྨད་རྨ་ཆུ་རྫོང་རྨ་ཆུ་ལམ་སྔོ་ཚལ་ཚོང་ར་རུ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང༌།ཁོང་སྐབས་དེར་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ཕ་ཡུལ་རྨ་ཆུ་དབལ་མ་ཞང་ནས་ཡིན་པས་བུ་མོ་ཚེ་རིང་སྐྱིད་ཀྱིས་རང་ལུས་མེར་བསྲེག་གཏོང་སྐབས།དེ་གར་ཡོད་རྒྱ་མི་ཚོང་པ་ཚོས་ཉེན་རྟོག་པར་ཁ་པར་བཏང་སྟེ་ཡར་ཞུ་བྱེད་དུས།ཉེན་རྟོག་པས་རྒྱ་མི་ཚོར་བུ་མོ་དེ་ཚོང་རའི་
ཕྱི་ལ་ཤོར་མ་བཅུག་ཅེས་བཀའ་བཏང་སྟབས།ལུས་ལ་མེ་འབར་བཞིན་པའི་བུ་མོ་དེར་རྒྱ་མི་སྔོ་ཚལ་ཚོང་མཁན་ཚོས་རྡོ་རུབ་བརྒྱབ་ཏེ་ས་ལ་གྱེལ་ཡོད་ཅིང་།གནས་ཚུལ་དེས་བོད་མི་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཏེ་རྒྱ་བོད་བར་འཁྲུག་འཛིང་ཤོར་གྲབས་བྱུང་ཡོད་ཅིང་། བུ་མོ་དེའི་ཕུང་པོ་ཉེན་རྟོག་པས་ཁྱེར་ཏེ་ད་ཆ་གར་ཡོད་མི་ཤེས་པ་དང་།དེའི་རྗེས་སྔོ་ཚལ་ཚོང་རའི་ནང་དེར་ཡོད་རྒྱ་བོད་ཚང་མ་བཀག་སྐྱིལ་བྱས་ཏེ་ཡུན་རིང་ཕྱིར་བཏང་མེད་ལ།སྤྱི་ཚེས་༤ནས་རྨ་ཆུའི་བོད་མིའི་ཁྱིམ་ཚང་ཡོད་ཚད་ལ་ཉེན་རྟོག་པས་བསྔོག་བཤེར་གྱིས་དྲ་རྒྱ་དང་ཁ་པར་བརྒྱུད་ལམ་སོགས་བཀག་འགོག་བཅོམ་འཕྲོག་བྱེད་བཞིན་ཡོད་པ་མ་ཟད།རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དམག་དཔུང་གིས་ཡོངས་སུ་བསྐོར་ཏེ་ཐ་ན་རྨ་ཆུའི་ཞང་རིམ་པའི་ལས་བྱེད་ཚུན་འབོད་འགུགས་ཀྱིས་སློབ་གསོ་གཏོང་གི་ཡོད་པ་རེད། ཡང་ཕྱི་ཚེས ༤ ཞོགས་ཀ་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་ཡོད་པའི་ཀིརྟི་དགོན་པར་དམིགས་བསལ་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ལམ་དཀར་ཚང་གི་མནའ་མ་རིན་ཆེན་ རང་ལོ༣༢ཡིན་པ། ཁོང་གིས་རང་ལུས་མེར་སྲེག་གིས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་རྒྱ་ནག་གཞུང་ལ་ཞུ་འབོད་གནང་ནས་ས་གནས་དེར་འདས་གྲོངས་ཕྱིན་ཡོད་པ་དང་། ཁོང་གི་སྐུ་ཕུང་དགོན་པའི་ནང་ཡར་འཁྱེར་ཐུབ་པ་བྱུང་ཡོད་ཀྱང་རྗེས་སུ་སྐུ་ཕུང་རྒྱ་མིས་བཙན་འཕྲོག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདས་པོ་ཚོའི་ནང་མི་རྗེས་ཤུལ་ཚོར་སེམས་གསོ་དང་འབྲེལ། རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེག་བཏང་ནས་རྨས་སྐྱོན་ཕོག་པའི་བོད་རིགས་ཚོར་སྨན་བཅོས་ཚུལ་མཐུན་བྱ་དགོས་པའི་འབོད་སྐུལ་ནན་ཆེ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎