དབུ་མའི་ལམ་གྱི་སྲིད་བྱུས།


2013.04.22
དབུ་མའི་ལམ་གྱི་སྲིད་བྱུས། བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཡུ་རོཔ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམ་པའི་ལྷན་ཚོགས་ཐོག་གསུང་བཤད་གནང་བ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎ཕྱི་ཚེས་༢༠ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་
མཆོག་གིས། ཡུ་རོཔ་ཁུལ་གྱི་བོད་པའི་ཚོགས་པ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པའི་
ཚོགས་གཙོ་རྣམ་པའི་ལྷན་ཚོགས་ཐོག་གསུང་བཤད་གནང་སྐབས། དབུས་བོད་མིའི་
སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་རྒྱུའི་ཆོད་སེམས་
བརྟན་པོ་ཡོད་པའི་སྐོར་བསྐྱར་ནན་གསུངས་བཞག།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་༡༩༧༤ནས་
དབུ་འཛུགས་གནང་བའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། བོད་མིའི་དབུ་འཁྲིད་རྣམ་པ་ཚོས་
གྲོས་མོལ་གཏིང་གཟབ་གནང་ནས་དབུ་མའི་ལམ་གཏན་འབེབས་གནང་ཡོད་པའི་སྐོར་གསུངས་ཏེ། བོད་རིགས་གཞོན་སྐྱེས་ཚོས་བོད་པའི་འཐབ་རྩོད་ནང་མཉམ་བཞུགས་ཀྱིས་འགན་ཆེ་ཙམ་
འཁྱེར་དགོས་པའི་ལམ་སྟོན་གནང་འདུག
གོང་ཞུས་ལྷན་ཚོགས་དེའི་མཇུག་སྡོམས་གསུང་བཤད་དེ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་
གིས་གནང་སྐབས། རྒྱ་གར་གཞུང་མང་གཉིས་ནས་བོད་མི་ཚོར་མུ་མཐུད་ལོ་མང་
རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་དང༌།  ཚོགས་འདུར་ཕེབས་པའི་འཐུས་མི་རྣམ་པ་ཚོར་
དབུས་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་དབར་འབྲེལ་བ་བཟང་པོ་ཡོད་སྐོར་གསུངསའདུག་ལ། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་མཉམ་འབྲེལ་མོལ་གནང་ཕྱོགས་སྐོར་ལ། བྱ་རིམ་ལས་དོན་སྙིང་གལ་ཆེ་བ་རྩིས་གནང་གི་ཡོད་པ་བཞིན་རྒྱ་ནག་མཉམ་དུས་ཚོད་དང་ས་གནས་ག་བར་ཡིན་ན་ཡང་འབྲེལ་མོལ་གནང་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎