ཐའེ་ལྦན་སྲིད་འཛིན་ཟུར་པས་བསྐྱར་དུ་ཟས་བཅད་འགོ་འཛུགས།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཌེན་ཤུ་སྦེན་ནས་བཙོན་ཁང་ནང་ཟས་བཅད་ངོ་རྒོལ་བསྐྱར་དུ་འགོ་འཛུགས་གནང་ཡོད་འདུག

2008.11.18

༄༅༎ཐའེ་ལྦན་ནང་ད་ལྟ་གཞུང་འཛིན་དབང་ཆའི་ཐོག་ཡོད་པའི་གོ་མིང་ཏ་ང་སྲིད་གཞུང་གིས་སྲིད་འཛིན་ཟུར་པ་ཌེན་ཤུ་སྦེན་གྱི་ཐོག་ལྐོག་ཟའི་ཉེས་འཛུགས་བྱས་ཏེ་ཉིན་ཤས་གོང་འཛིན་བཟུང་གིས་དོ་དམ་བཀག་ཉར་འོག་བཞག་མ་ཐག་སྲིད་འཛིན་ཟུར་པ་ནས་ཟས་བཅད་ངོ་རྒོལ་འགོ་འཛུགས་གནང་བར་བརྟེན་ད་བར་ཁོང་སྨན་ཁང་དུ་ཐེངས་གཉིས་ཙམ་འཁྲིད་དགོས་པ་བྱུང་ཡོད་པ་དང་ད་ཆ་ཁོང་སྨན་ཁང་ནས་ཕྱིར་འདོན་པའི་རྗེས་ཟས་བཅད་ངོ་རྒོལ་ཐོག་བསྐྱར་དུ་བཞུགས་འགོ་བཙུགས་ཡོད་པ་མ་ཟད་འདི་ཚེས་ཉི་ཤུ་གཉིས་ཉིན་སྲིད་འཛིན་ཟུར་པར་རྒྱབ་སྐྱོར་བྱེད་མཁན་རྣམས་ནས་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་ནང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་རྩིས་ཡོད་པ་དང་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་བྱེད་མཁན་ཚོས་གོ་མིང་ཏང་སྲིད་གཞུང་གིས་སྲིད་འཛིན་ཟུར་པ་ཌེན་ཤུ་སྦེན་འཛིན་བཟུང་བཙོན་འཇུག་བྱས་པའི་རྒྱབ་ཏུ་རྒྱ་ནག་གཞུང་གི་ཐེ་བྱུས་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎