ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་བཙོན་ཁང་དུ་ཟས་བཅད་ངོ་རྒོལ།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་མཆོག་ནས་ཐའེ་ལྦན་རང་བཙན་དང་རྒྱ་ནག་ལ་ངོ་རྒོལ་ཆེད་དུ་རང་སྲོག་དོར་རྒྱུའི་འདོད་པ་ཡོད་ཅེས་སྙན་རྩོམ་བྲིས།

2008.11.26

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོལ་སྦན་མཆོག་གིས་བཀག་ཉར་ཁང་ནང་ཟས་བཅད་ངོ་རྒོལ་གནང་ནས་ཐའེ་ལྦན་རང་བཙན་དང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཆེད་དུ་རང་སྲོག་དོར་རྒྱུའི་འདོད་པ་ཡོད་ཅེས་སྙན་རྩོམ་ཞིག་བྲིས་གནང་ཡོད་པ་རེད།

འདི་ལོ་དགུང་གྲངས་ལྔ་ཅུ་ང་བདུན་ལ་ཕེབས་པའི་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོལ་སྦན་མཆོག་ལ་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་ཀྱི་ཐོག་ནས་ཐའེ་ལྦན་གཞུང་གིས་འདི་ཟླའི་ཚེས་བཅུ་གཉིས་ཉིན་ནས་འགོ་བཙུགས་ཀྱིས་བཀག་ཉར་བྱས་པའི་རྗེས་ཁོང་གིས་གཞུང་གི་དངུལ་ལྐོག་ཟ་བྱས་མེད་པའི་རྒྱུ་མཚན་གསུང་པ་དང་སྦྲགས་ཐའེ་ལྦན་གྱི་སྲིད་འཛིན་གསར་པ་མའ་དབྱིང་ཇིའུ་ཡིས་ཐའེ་ལྦན་གཞུང་གསར་པའི་ངོས་ནས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ཀྱི་ངོ་བོའི་ཐོག་ནས་ཁོ་པར་མནར་གཅོད་གཏོང་བཞིན་ཡོད་པ་རེད་ཅེས་བརྗོད་དེ་བཀག་ཉར་ཁང་ནང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་བཞིན་ཡོད་པ་རེད།

ཡང་སྲིད་འཛིན་ཟུར་པ་གྲན་ཧྲོལ་སྦན་མཆོག་བཀག་ཉར་ཁང་ནང་བཞུགས་རྒྱུན་རིང་ཁོང་གིས་ཁོ་རང་གི་བཟའ་ཟླར་བྲིས་པའི་སྙན་རྩོམ་ཞིག་ནང་རྩོད་རྙོག་ཆེ་བའི་འཛམ་གླིང་གི་ཆབ་སྲིད་ལས་དོན་དེའི་ནང་ངས་འཛུལ་ཞུགས་བྱས་ནས་ད་ལྟའི་གནས་སྟངས་སུ་གྱུར་བར་ངས་ཁྱེད་ལ་དགོངས་དག་ཞུ་གི་ཡོད་ཅེས་དང་ཆབས་ཅིག་ད་ལྟའི་བཀག་ཉར་ཁང་གི་གནས་སྟངས་ནི་ཧ་ཅང་གི་སྐུ་ངལ་ཆེན་པོ་ཡོད་པའི་སྐོར་བྲིས་གནང་ཡོད་པ་རེད། ཡིན་ནའང་གྲན་གྱིས་གོང་ཞུས་སྙན་རྩོམ་དེའི་ནང་ངོ་རྒོལ་གྱི་མེ་ལྕེ་མང་ཆེ་བ་ཐའེ་ལྦན་གྱི་སྲིད་འཛིན་གསར་པ་མའ་དབྱིང་ཇིའུ་དང་ཁོང་གིས་འཛིན་པའི་གཞུང་གསར་པ་དེའི་ཐོག་མི་འདོད་པའི་རྣམ་པ་ཤུགས་ཆེ་སྟོན་ཡོད་པ་རེད། ཡང་ཁོང་གིས་གསུང་ན་ང་ད་ལྟ་ཐའེ་ལྦན་གཞུང་གསར་པའི་བཙོན་པ་ཞིག་རེད་གལ་ཏེ་ང་བདེན་པའི་ཐོག་ནས་བཙོན་ཁང་དེ་ནས་ཕྱིར་འདོན་མི་ཐུབ་པ་ཡིན་ན་ངས་ཐའེ་ལྦན་མི་མང་གི་ལོ་རྒྱུས་བརྒྱུད་རིམ་དེའི་ནང་རང་སྲོག་དོར་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎