ཆིའི་ལིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིས་བོད་མིར་གཟིགས་སྐོར།


2015.12.04
འི་ལིའི་ཡུལ་གྱི་གྲོས་ཚོགས་འཐུས་མི་Viado Mirosevicདང་། Fernando Salinasརྣམ་གཉིས འི་ལིའི་ཡུལ་གྱི་གྲོས་ཚོགས་འཐུས་མི་Viado Mirosevicདང་། Fernando Salinasརྣམ་གཉིས།
VOT

ཆིའི་ལིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་པ་གཉིས་ཀྱིས་བཞུགས་སྒར་དུ་གཟིགས་སྐོར་གནང་ཡོད་པ།
དེ་ཡང་ཆིའི་ལིའི་ཡུལ་གྱི་གྲོས་ཚོགས་འཐུས་མི་Viado Mirosevicདང་། Fernando Salinasརྣམ་གཉིས་གཟའ་ཉི་མའི་ཉིན་བཞུགས་སྒར་དུ་འབྱོར་ནས་དེ་རིང་ཕྱི་ཚེས་
༤ཉིན་གཟིགས་སྐོར་མཇུག་བསྒྲིལ་ནས་རང་ཡུལ་དུ་ཕྱིར་ལོག་ཕེབས་ཡོད་པ་དང་། ཁོང་གཉིས་བཞུགས་སྒར་དུ་གཟིགས་སྐོར་གནང་རིང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་ཞུས་ཡོད་པ་དང་། དེའི་སྐབས་༧གོང་ས་མཆོག་ལ་Chileཡུལ་གྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་སྟངས་དང་། ལས་དོན་སྤེལ་ཕྱོགས་སོགས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
ཆིའི་ལིའི་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམ་གཉིས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ནི་བོད་མི་ཚོར་ཕན་ཐོགས་ཡོད་པ་གཅིག་པུ་མིན་པར་འཛམ་གླིང་མི་མང་མང་པོར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བདེའི་ཐབས་ལམ་དང་། བྱམས་སྙིང་རྗེའི་དགོངས་བཞེས་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ཅེས་གསུངས་འདུག   
ཆིའི་ལིའི་ཡུལ་ནང་བོད་ཀྱི་གྲོགས་པོ་མཐུན་ཚོགས་གསར་བཙུགས་གནང་མཁན་གྲོས་ཚོགས་འཐུས་མི་Fernando Salinasཡིས། ད་རེས་བཞུགས་སྒར་དུ་ཕེབས་ནས་བོད་མིའི་དབུ་ཁྲིད་
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་བ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག་སོགས་མཛད་གཙོ་རྣམས་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་སྐོར་སོགས་ལ་བཀའ་བསྡུར་གནང་རྒྱུ་བྱུང་བ་དེས། ཁོང་གིས་བོད་ཀྱི་གནད་དོན་ཐོག་ཤེས་རྟོགས་དེ་བས་ཆེ་རུ་ཕྱིན་པ་མ་ཟད། མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ལུགས་ལུགས་གསུངས་འདུག་ལ་ཁོང་གཉིས་རང་ཡུལ་དུ་ཕྱིར་ལོག་ཕེབས་རྗེས་བོད་དོན་རྒྱབ་སྐྱོར་བ་ཚོར་ད་རེས་བཞུགས་སྒར་དུ་ཕེབས་པའི་མྱོང་ཚོར་ངོ་སྤྲོད་ཞིབ་ཕྲ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག     

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎