བོད་ནང་དྲ་ལམ་བཀག་འགོག།


2013.03.09
བོད་ནང་ཆ་འཕྲིན་དྲ་ལམ་བཀག་འགོག། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་དྲ་རྒྱ་ཁང༌།
ཨེ་ཨེཕ་པི།

༄༅༎བོད་མིའི་རང་དབང་སྒེར་ལངས་སུམ་ཅུའི་དུས་དྲན་རན་ལ་ཉེ་བ་དང་རྒྱ་ནག་ནང་མི་མང་འཐུས་མི་ཚོགས་ཆེན་ཚུགས་བཞིན་པའི་སྐབས་དང་བསྟུན་ རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ལ་ཆ་འཕྲིན་དྲ་ལམ་ཡོངས་རྫོགས་བཀག་འགོག་བྱས་ཏེ། ཕྱི་ནང་གནས་ཚུལ་ལྟ་ཀློག་བྱ་ས་མེད་པར་བཟོ་བཞིན་ཡོད་པ་རེད།
གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། མདོ་སྨད་ཀན་ལྷོ་དང་། མཚོ་སྔོན། ཟི་ཁྲིན་སོགས་བོད་མི་གནས་སྡོད་བྱ་ཡུལ་གྱི་ས་ཁུལ་མང་ཆེ་བའི་ནང་ཆ་འཕྲིན་དྲ་ལམ་ཡོངས་རྫོགས་བཀག་འགོག་བྱས་ཡོད་པ་དང་། ད་ཆ་འདིས་རྐྱེན་པས་གོང་ཞུས་ས་ཁུལ་ཁག་ནང་ཡོད་པའི་བོད་རིགས་སློབ་མ་རྣམས་ལ་མཐོ་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོར་ཐོ་འགོད་བྱ་དགོས་པའི་སྐབས་དེར། དྲ་རྒྱའི་ཐོག་ཡིག་རྒྱུགས་ཐོ་འགོད་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར། བོད་ནས་འབྲེལ་ཡོད་མི་སྣ་ཁག་གིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
གནས་ཚུལ་ངོ་སྤྲོད་གནང་མཁན་ཁག་གིས་གསུངས་ན། གནད་དོན་འདི་ཐད་ད་ལྟ་བོད་རིགས་སློབ་མ་མང་པོ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་དང་། གནད་དོན་འདི་གང་མགྱོགས་ཐག་གཅོད་མ་བྱུང་ཚེ་བོད་རིགས་སློབ་མ་མང་པོ་ཡིག་རྒྱུགས་ནང་འཛུལ་ཞུགས་མ་ཐུབ་པའི་དཀའ་རྙོག་ཆེན་པོ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎