རྒྱ་གར་གྱི་སྔ་གཡར་དངུལ་བུན་རྒྱ་ནག་གིས་བཀག་འགོག་བྱས་པ།

རྒྱ་དཀར་ནག་གཉིས་བར་རྩོད་གཞིར་གྱུར་པའི་ས་ཁུལ་དུ་འཛུགས་སྐྲུན་ཡར་རྒྱས་ཀྱི་ཆེད་དངུལ་བུན་རྣམས་རྒྱ་ནག་གིས་བཀག་འགོག་བྱས་ཡོད་པ།

2009.04.14

༄༅༎ཨེ་ཤེ་ཡ་ཡར་རྒྱས་དངུལ་ཁང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་ནང་གི་འཛུགས་སྐྲུན་ཡར་རྒྱས་ཀྱི་ཆེད་དུ་སྔར་གཡར་བྱ་རྒྱུའི་དངུལ་བུན་རྣམས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་པ་རེད།

དེ་ཡང་རྒྱ་གར་གྱི་སྲིད་འཛིན་པཱ་ར་ཏི་སྦ་པ་ཊིལ་མཆོག་རྩོད་གཞི་ཅན་གྱི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ཁུལ་དུ་འཚམས་འདྲི་ཕེབས་ཏེ་ཉིན་ཤས་ཕྱིན་པའི་རྗེས་སུ་རྒྱ་ནག་གཞུང་གིས་ཨེ་ཤེ་ཡ་ཡར་རྒྱས་དངུལ་ཁང་གི་ལས་དོན་འཆར་གཞིའི་ནང་གི་རྒྱ་གར་གྱི་ཨ་རུ་ན་ཅལ་ས་ཁུལ་དུ་ཡར་རྒྱས་ཀྱི་འཆར་གཞིའི་མ་དངུལ་ཨ་རིའི་ཌོ་ལར་ས་ཡ་དྲུག་བཅུ་ཡོད་པ་བཀག་འགོག་བྱས་པ་ཡིན་ཞིང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཡར་རྒྱས་འཆར་གཞི་བཀག་འགོག་བྱེད་པའི་དོན་རྐྱེན་དེ་ནི་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་དྲུག་ནས་ཉི་ཤུ་བདུན་བར་ཉིན་གྲངས་གཉིས་རིང་ཨེ་ཤེ་ཡའི་ཡར་རྒྱས་དངུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་རྒྱ་གར་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཐབས་ཇུས་ཞེས་པའི་ཡིག་ཆ་བཏོན་རྒྱུ་ཡིན་པའི་གོང་དེར་བྱུང་བ་ཡིན་ཞིང་རྒྱ་གར་ནི་ཨེ་ཤེ་ཡའི་ཡར་རྒྱས་དངུལ་ཁང་ནས་དངུལ་བུན་ཤུགས་ཆེ་ལེན་མཁན་གྱི་རྒྱལ་ཁབ་གྲས་ནས་གཅིག་ཡིན་པ་དང་རྒྱ་གར་ཕྱོགས་ནས་ཨེ་ཤེ་ཡ་ཡར་རྒྱས་དངུལ་ཁང་ནས་ཨ་རིའི་ཌོ་ལར་ཐེར་འབུམ་གསུམ་ཙམ་གྱི་དངུལ་བུན་གཏོང་གནང་ཡོང་བའི་འཆར་གཟི་སྙན་སེང་ཞུས་ཏེ་དེའི་ནང་ནས་ཨ་རུ་ན་ཅལ་ཁུལ་དུ་གཙང་ཆུ་ཁ་འགྱུར་གཏོང་རྒྱུའི་ལས་དོན་ཐོག་ཨ་རིའི་ཌོ་ལར་ས་ཡ་དྲུག་བཅུ་འགྲོ་གྲོན་གཏོང་རྒྱུའི་འཆར་གཞི་ཡོད་ཀྱང་ཨ་རུ་ན་ཅལ་མངའ་སྡེ་དེ་ནི་རྒྱ་གར་དང་རྒྱ་ནག་གཉིས་བར་ལ་ས་ཆའི་བདག་དབང་གི་རྩོད་གཞིར་གྱུར་པའི་ས་ཁུལ་ཞིག་ཡིན་པར་བརྟེན་ཨེ་ཤེ་ཡ་ཡར་རྒྱས་དངུལ་ཁང་གིས་རྒྱ་གར་གྱི་ས་ཁུལ་དེའི་ནང་གི་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་དོན་འཆར་གཞིར་དམིགས་པའི་དངུལ་བུན་སྔ་གཡར་བྱ་རྒྱུར་མོས་མཐུན་བྱས་པ་ཡིན་ཚེ་འགྲིག་ཐབས་མེད་ཅེས་རྒྱ་ནག་གཞུང་གིས་མཐའ་ཅིག་ཏུ་བཀག་འགོག་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎