རྒྱ་གཞུང་གིས་ཨོ་སི་ཀྲོ་ལི་ཡ་གཞུང་ལ་གནོན་ཤུགས་སྤྲད་པ།

རྒྱ་ནག་གཞུང་གིས་ཨོ་སི་ཀྲོ་ལི་ཡའི་གཞུང་ཚབ་པ་ཆེད་འབོད་ཀྱིས་ཡུ་གུར་མི་རིགས་ཀྱི་དབུ་འཁྲིད་སྐོར་ཨོ་སི་ཀྲོ་ལི་ཡར་སྐྱོན་བརྗོད་བྱས་འདུག

2009.08.01

༄༅༎རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་པེ་ཅིང་དུ་བཅའ་ཞུགས་ཨོ་སི་ཀྲོ་ལི་ཡའི་གཞུང་ཚབ་པ་ཆེད་འབོད་ཀྱིས་བཙན་བྱོལ་དུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་དབུ་འཁྲིད་ལྕམ་ར་སྦི་ཡ་ཀ་རྡིར་ཨོ་སི་ཀྲོ་ལི་ཡར་ཕེབས་རྒྱུའི་མཐོང་ཆེན་ལྦི་ས་ཕུལ་བར་གཞུང་འབྲེལ་གྱི་ཐོག་ནས་ངོ་རྒོལ་བྱས་ཡོད་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཀྲང་ཅི་ཇུན་གྱིས་རྒྱ་ནག་གི་ངོས་ནས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཞེས་པ་ཁ་བྲལ་གྱི་ཚོགས་པའི་འགོ་འཁྲིད་ཀ་རྡིར་མཆོག་ཨོ་སི་ཀྲོ་ལི་ཡ་སླེབས་པ་དེར་མི་དགའ་བ་ཆེན་པོའི་ཐོག་ནས་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་ཞིག་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག

ཡང་རྒྱ་ནག་གཞུང་འབྲེལ་གྱི་གསར་ལས་ཁང་དེའི་ནང་གནས་ཚུལ་བཀོད་པར་གཞིགས་ན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཀྲང་གིས་ཨོ་སི་ཀྲོ་ལི་ཡའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཇེཕ་ར་སྦི་ལ་ར་སྦི་ཡ་ཀ་རྡིར་ཨོ་སི་ཀྲི་ལི་ཡར་བཞུགས་རྒྱུན་རིང་རྒྱ་ནག་ཁ་བྲལ་གཏོང་རྒྱུར་དམིགས་པའི་ལས་དོན་གང་ཡང་སྤེལ་མི་ཆོག་པའི་དམ་དྲག་གནང་དགོས་པའི་དགོས་འདུན་བཏོན་ཡོད་འདུག་པར་མ་ཟད་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་དགུང་གྲངས་དྲུག་ཅུ་རེ་གཉིས་ལ་ཕེབས་པའི་ལྕམ་ར་སྦི་ཡ་ཀ་རྡིར་ལ་མཐོང་ཆེན་ལྦི་ས་གནང་པའི་ནོར་འཁྲུལ་གྱི་བྱ་སྤྱོད་འཕྲལ་དུ་ཡོ་བསྲང་བྱ་དགོས་སྐོར་ཡང་བརྗོད་ཡོད་འདུག

ད་དུང་ཤིན་ཧཱ་གསར་ལས་ཁང་གིས་ཀ་རྡིར་གྱིས་འགོ་འཁྲིད་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཟེར་བ་དེ་ནི་བདུན་པའི་ལྔ་ཉིན་ཤིན་ཅང་ནང་དུས་ཟིངས་སློང་མཁན་གྱི་བྱེད་ལྟེ་ཡིན་པར་ཡིད་ཆེས་བྱེད་ཡོད་ཅིང་དུས་ཟིངས་དེའི་འོག་མི་གྲངས་བརྒྱ་དང་དགུ་ཅུ་གོ་བདུན་རྐྱེན་ལམ་དུ་ཕྱིན་པ་དང་མི་གྲངས་ཆིག་སྟོང་དྲུག་བརྒྱ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་བརྗོད་འདུག

འོན་ཀྱང་ཨོ་སི་ཀྲོ་ལི་ཡའི་གཞུ་གིས་རྒྱ་ནག་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་བྱས་པར་རྩིས་མེད་ཀྱིས་ར་སྦི་ཡ་ཀ་རྡིར་ལ་མཐོང་ཆེན་ལྦི་ས་ཕུལ་ཡོད་པ་རེད། འདིའི་ཐད་ཨོ་སི་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་སི་ཊི་ཕེན་སི་མིཐ་ཡིས་འདི་ནི་ར་སྦི་ཡ་ཀ་རྡིར་སྒེར་ངོས་ནས་ཨོ་སི་ཀྲོ་ལི་ཡར་ཕེབས་པ་ཐེངས་མ་གསུམ་པ་དེ་ཡིན་པ་རེད་ཅེས་དང་ང་ཚོར་ཁོང་ནི་འཇིགས་བསྐུལ་དྲག་སྤྱོད་པ་ཞིག་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་གང་ཡང་མེད་པར་བརྟེན་ང་ཚོའི་གཞུང་གི་ཕྱི་མི་གནས་སྤོ་ལས་དོན་ཁང་གི་ཁྲིམས་ལུགས་གཞིར་བཟུང་ཁོང་ལ་མཐོང་ཆེན་ལྦི་ས་ཕུལ་བ་ཡིན་ཞེས་གསུངས་འདུག

ར་སྦི་ཡ་ཀ་རྡིར་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་དུ་ཚུགས་རྒྱུའི་གློག་བརྙན་གྱི་དུས་སྟོན་ཞིག་ཏུ་མགྲོན་འབོད་ཞུས་པ་ལྟར་ཕེབས་རྒྱུ་དང་དེ་ཕྱོགས་སུ་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་གློག་བརྙན་བྱམས་བརྩེའི་ཆ་རྐྱེན་བཅུ་ཞེས་པ་དེ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག རྒྱ་ནག་གཞུང་གིས་གློག་བརྙན་དེ་ཕྱིར་འཐེན་ཡོང་ཐབས་ཤུགས་ཆེ་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎